[209A] ཤྲཱི་ཀཱ་ལ་ཙ་ཀྲ་ལ་གུ་ཏནྟྲ་རཱ་ཛ་ཧྲི་དྱ་ནཱ་མ། བོད་སྐད་དུ། དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོའི་སྙིང་པོ་ཞེས་བྱ་བ། དཔལ་དུས་ཀྱི་འཁོར་ལོ་ལ་ཕྱག་ [209B] །ཐམས་ཅད་མཁྱེན་དང་ཡེ་ཤེས་སྐུ་དང་ཉིན་བྱེད་སྐུ་སྟེ་པདྨའི་འདབ་མ་བཞིན་དུ་ཡངས་པའི་སྤྱན། །སངས་རྒྱས་སེངྒེའི་གདན་ལ་བཞུགས་ཕྱིར་ལྷ་ཡི་མཆོག་གི་ས་ཕྱག་འཚལ་ བ་དང་ཟླ་བ་བཟང་པོ་ཡིས། །སྤྱི་བོས་བཏུད་དེ་ལག་པའི་པདྨོ་ཐལ་མོ་སྦྱར་ནས་ཡན་ལག་མཆོག་གི་སྟེང་དུ་རབ་བཞག་ནས། །ཨ་སོགས་ཀ་སོགས་འདུས་རིམ་དཔལ་ལྡན་དུས་ཀྱི་འཁོར་ ལོའི་རྣལ་འབྱོར་མི་རྣམས་འགྲོལ་བའི་རྒྱུ་རུ་ཞུས། །སྟོང་པ་དང་ནི་ཡེ་ཤེས་ཐིག་ལེ་རྡོ་རྗེ་མཆོག་འཛིན་སངས་རྒྱས་ལྷ་དང་ལྷ་མ་ཡིན་རྣམས་དང། །ཕྱི་རོལ་དང་ནི་ནང་དང་གཞན་ལ་རང་བཞིན་ རྣམས་དང་སྐྱེས་བུ་ཉི་ཤུ་རྩ་ལྔའི་བདག་ཉིད་དང། །ལུས་ལ་སྣ་ཚོགས་པ་ཡི་ཚད་དང་སྲིད་པ་གསུམ་གྱི་སྤྲོས་པ་ལྷ་དང་ལྷ་མིན་བཟའ་བ་དང། །དཀྱིལ་འཁོར་དབང་དག་དེ་ལྟ་བུ་རྣམས་ཐམས་ ཅད་ལྷ་དང་མི་ཡི་བླ་མས་ཡང་དག་བཤད་དུ་གསོལ། །ཟླ་བ་བཟང་པོ་བདག་དགྱེས་དེ་ནི་རབ་མཆོག་ལྷ་དང་མི་དང་སྲིན་པོ་ལྷ་མ་ཡིན་དང་ཀླུ། །གང་ཞིག་འདོད་ཆགས་བྲལ་བ་རྣམས་དང་མཆོག་ གི་དྲང་སྲོང་རིགས་ཀྱི་མྱ་ངན་འདས་པ་ལ་སོགས་པའི། །འཛིན་མའི་མཐར་ཐུག་ཁྱོད་ཀྱིས་ཞུས་པ་དེ་མི་ཤེས་པས་ཚིག་གི་གནས་ལྡན་ལུས་དབུས་མ་ལུས་པ། །རྣལ་འབྱོར་འདི་ཉིད་དཀྱིལ་ འཁོར་དང་ནི་དབང་དག་རྣམ་པར་བཤད་པར་བྱ་ཡི་མི་བདག་ཤིན་ཏུ་ཉོན། །དུས་ཀྱི་སྟོང་པ་རྣམས་ལས་རླུང་དང་མེ་དང་ཆུ་དང་ས་དང་གླིང་དང་རི་དང་རྒྱ་མཚོ་རྣམས། །རྒྱུ་སྐར་རྣམས་དང་ཉི་ཟླ་སྐར་ [210A]༄༅། །མ་གཟའ་ཡི་ཚོགས་དང་དྲང་སྲོང་ལྷ་དང་འབྱུང་པོ་ཀླུ་རྣམས་དང། །བྱོལ་སོང་སྐྱེ་གནས་རྣམ་བཞི་རྣམ་པ་སྨ་ཚོགས་ས་དང་ས་འོག་དག་ལ་མི་དང་དམྱལ་བ་དང་ ཆུ་ལས་ཚྭ་འབྱུང་བཞིན་དུ་སྒོང་ལས་ཀྱང་ཡིན་ཏེ་སྟོང་པ་ལས་ནི་འབྱུང་བ་ཉིད་རྣམས་བསྐྱེད། །སྐུ་དང་ཡེ་ཤེས་ནམ་མཁའ་སྒྲིབ་བྲལ་རླུང་དང་མེ་དང་ཆུ་དང་ས་དང་བརྟན་དང་སྐྱེ་འགྲོ་དང། ། མི་མཐོང་བ་ཡི་ལྷ་ཉིད་སྐྱེ་བ་རྣམས་དང་གནས་ནི་རྣམ་པ་བཅུ་རུ་བརྗོད་པ་རྡོ་རྗེའི་སྐུ། །སྔགས་ཀྱི་སྐྱ་གནས་དེ་ལྟར་ཡང་དག་འབྱུང་བ་འདི་ཉིད་སླར་ལོག་པ་ལས་འཇིག་སྟེ་མི་བདག་ཀྱེ། ། དེ་ལྟར་གང་གིས་ཡང་དག་རིག་པ་དེ་ནི་ཕྱུགས་མ་ཡིན་ཏེ་སེམས་ཀྱི་རྣམ་རྟོག་གྲོལ་བའོ། །དཔལ་དུས་ཀྱི་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ལས། །ཕྱི་འཇིག་རྟེན་ཁམས་ཀྱི་ལེའུ་མདོར་ བསྡུས་པ་སྟེ་ལེའུ་དང་པོའི་རྒྱུད་ཀྱི་སྙིང་པོའོ།། །།ཁུ་བ་ལས་ནི་རྐང་མར་རུས་པ་རྩ་རུ་འགྱུར་ཏེ་རྡུལ་ལས་ངེས་པར་པགས་པ་ཁྲག་དང་ཤ། །མངལ་དབུས་ཟླ་བ་གཅིག་ཏུ་ཁྲག་དང་ ས་བོན་དག་ལས་རབ་ཏུ་བསྐྱེད་པའི་བདུད་རྩི་རོར་གྱུར་པས། །ཕྱི་ནས་ས་བོན་མྱུ་གུ་ལས་ནི་རང་གི་སྙིང་ཁར་རྩ་ནི་ཤིན་ཏུ་ཕྲ་བ་རྣམ་པ་བཅུ། །ལྟེ་བར་བརྒྱད་པ་བརྒྱད་དེ་གཞན་ཡང་ལག་པ་ རྐང་པ་གདོང་རྣམས་ཕྱི་རུ་འཕེལ་བར་འགྱུར་བ་ནི། །ཟླ་བ་གཉིས་པ་རྫོགས་ནས་ལག་པ་རྐང་པ་གདོང་རྣམས་ཅུང་ཟད་འདི་ནི་མདོ་རུ་བསྟན་པའོ། །ཟླ་བ་གསུམ་པ་རྫོགས་ནས་ལག་པ་རྐང་ [210B] །ཟླ་བ་བཞི་པ་ལ་ནི་རྐང་ལག་གདོང་དང་མགྲིན་པ་རྣམས་ཀྱི་ཕྱོགས་སུ་རྩ་ནི་ཕྲ་མོ་རྣམས། །ཟླ་བ་ལྔ་པར་ཤ་རྣམས་ལ་ནི་བརྟེན་པའི་རུས་ པ་ནམ་མཁའ་རོ་དང་མེ་དང་ཚིགས་རྣམས་ཀྱང། །ཟླ་བ་དྲུག་པ་ལ་ཡང་ཤ་དང་ཁྲག་དང་ཚོར་བ་བདེ་བ་དང་ནི་སྡུག་བསྔལ་རྣམས་སུ་འགྱུར། །ཐུབ་པ་མཆོག་ལ་སྨིན་མ་དང་ནི་སྐྲ་དང་བུག་པ་ སྤུ་རྣམས་ཀྱང་ནི་ཟླ་བའི་རྗེས་ཉིད་ལ། །ཉིན་ཞག་སོ་སོའི་དུས་སུ་རྩ་རྣམས་རབ་ཏུ་འཕེལ་བ་སྟོང་བ་སྟོང་བ་མིག་གི་གྲངས་རྣམས་ཀྱིས། །ཚིགས་དང་རུས་པ་རྣམས་དང་རྐང་དང་རོ་ལྡན་དྲི་ཆེན་ དྲི་ཆུ་རྣམས་ནི་བརྒྱད་པ་ཉིད་ལ་འོ། །བུག་པ་ཞེས་བྱར་སྐྱེ་བའི་དུས་སུ་དེ་ལ་སྐྱེ་གནས་ཀྱིས་བསྡམས་མི་བཟད་སྡུག་བསྔལ་ཆེན་པོར་འགྱུར། །མངལ་དུ་མངལ་གནས་ཉིད་དང་སྐྱེ་བའི་དུས་ དང་བྱིས་པའི་རང་བཞིན་རྣམས་ཀྱིས་མི་བཟད་སྡུག་བསྔལ་ལོ་།གཞོན་ནུ་ལང་ཚོ་དག་ལ་བུད་མེད་ནོར་དང་བཀྲ་ཤིས་འདོད་པ་ཉོན་མོངས་སྡུག་བསྔལ་ཆེན་པོས་གང། །རྒ་དང་འཆི་བའི་སྡུག་ བསྔལ་ཆེན་པོ་དག་སྟེ་སླར་ཡང་དུ་འབོད་ལ་སོགས་འགྲོ་དྲུག་འཇིགས་སྟེར་བ། །འགྲོ་བ་འདི་རྣམས་མ་ལུས་སྒྱུ་མ་ལ་རྨོངས་གྱུར་པས་སྡུག་བསྔལ་བ་ལས་སྡུག་བསྔལ་འགྱུར་བའོ། །འཁོར་བའི་ ནང་ནས་གལ་ཏེ་མི་ཉིད་དག་ཏུ་གྱུར་ཀྱང་ཆོས་ཀྱི་བློ་ནི་བརྒྱ་ལ་མ་ཞིག་ན་འོང། །དེ་ལས་དགེ་བའི་དབང་གྲིས་སངས་རྒྱས་ཉིད་ལ་རྗེས་ཆགས་འགྱུར་ཞིང་དང་པོའི་ཐེག་པར་རབ་ཏུ་འཇུག་དེ་ལས་ [211A]༄༅། །དཔལ་ལྡན་རྡོ་རྗེ་ཐེག་པ་དང་ནི་མ་ལུས་སྙིང་པོ་སྒོམ་པའི་བློ་འཇུག་བརྒྱ་ལམ་ན། །དེ་ལས་སངས་རྒྱས་ཉིད་དེ་འདོད་མཆོག་བདེ་བའི་གོ་འཕང་ལ་འཇུག་ཨེ་ མ་ཤིན་ཏུ་དཀའ་བའོ། །མངལ་དུ་ཡང་དག་དག་པའི་སྐུ་སྟེ་རབ་ཏུ་སྐྱེ་བའི་དུས་ནས་སོ་སྐྱེའི་བར་ཉིད་ཆོས་ཀྱི་སྐྱེ། །སོ་རྣམས་བ་རྗེས་པའི་བར་གྱིས་རྒྱལ་བའི་ལོངས་སྤྱོད་རྫོགས་སྐུར་ ངེས་པར་འགྱུར་རོ་མི་ཡི་བདག་པོ་ཀྱེ། །དེ་ནས་མི་རྣམས་ངེས་པར་འཆི་བའི་མཐའ་རུ་སྤྲུལ་པའི་སྐུ་རུ་རབ་ཏུ་གསལ་བར་བརྗོད་པ་སྟེ། །དེ་ལྟར་འདི་ནི་ཡེ་ཤེས་རྣམ་ཤེས་དབྱེ་བས་ མངལ་དང་ཕྱི་རུ་རྣམ་པ་བཞི་རུ་འགྱུར་བའོ། །སླར་ཡང་རྣམ་ཤེས་ཟླ་བ་ཉི་མ་པདྨར་འདྲེས་པར་གྱུར་པ་རྣམས་ནི་མངལ་དུ་དག་པའི་སྐུ། །ཁམས་དང་ཕུང་པོ་རྣམ་པ་བཅུ་པོ་སྐྱེ་བར་ འགྱུར་བ་གང་ཞིག་རྒྱལ་བའི་ཆོས་སྐུར་འགྱུར་བ་སྟེ། །དེ་ནས་རྣ་བ་སྒྲ་ལ་སོགས་པ་སྐྱེ་བ་ཡོན་ཏན་དབང་ལས་ལོངས་སྤྱོད་རྫོགས་པའི་སྐུ་རུ་འགྱུར། །དེ་ནས་སྐྲ་ལ་སོགས་པ་སྐྱེ་སྟེ་ མངལ་ནས་སྐྱེ་བའི་དུས་འདི་སྤྲུལ་པའི་སྐུ་རུ་བརྗོད་པའོ། །གང་ཞིག་སྐྱེས་ནས་དབུགས་འབྱུང་བ་ནི་ངེས་པར་དེ་ཉིད་དག་པའི་སྐུ་རུ་རབ་ཏུ་འགྱུར་བ་ཉིད། །དེ་ནས་གང་ཞིག་སོ་སྐྱེས་གྱུར་ ནས་ཚིག་མི་གསལ་བར་སླར་ཡང་དེ་བཞིན་ཆོས་ཀྱི་སྐུ་རུ་བརྗོད་།དེ་ནས་གཉིས་སྐྱེས་པ་རྣམས་བརྗེས་པ་རྒྱལ་བ་ལོངས་སྤྱོད་རྫོགས་པར་འགྱུར་རོ་མི་ཡི་བདག་པོ་ཀྱེ། །སོ་རྣམས་ [211B]པའི་སྐུ་རུ་འགྱུར་བ་ཕྱི་རོལ་ཏུ། །ཡེ་ཤེས་དང་ནི་རྣམ་ཤེས་འདྲེས་པའི་ཉི་མ་རི་བོང་ཅན་བཅས་ཡེ་ཤེས་རྡོ་རྗེ་ལ་སོགས་རྣམས་།མངལ་དུ་ སྐུ་ཡི་རྡོ་རྗེ་ལ་སོགས་སྐྱེ་བ་སྟོབས་དང་ལྡན་པ་རིམ་པས་འབྱུང་བར་འགྱུར་བ་ནི། །དང་པོར་མངལ་འདིར་དཔལ་ལྡན་སྐུ་ཡི་རྡོ་རྗེར་འགྱུར་ཏེ་གསུང་གི་རང་བཞིན་རབ་ཏུ་སྐྱེ་བའི་དུས། །སོ་རྣམས་སྐྱེས་ པ་ངེས་པར་ཐུགས་ཏེ་སླར་ཡང་ལྷུང་ནས་སྐྱེ་བ་ཡེ་ཤེས་རྡོ་རྗེར་འགྱུར་བའོ། །དཔལ་ལྡན་དག་པ་ལས་ནི་ཆོས་སྐུར་འགྱུར་ཏེ་ཆོས་ལས་ངེས་པར་ལོངས་སྤྱོད་རྫོགས་པའི་སྐུ་རུ་འགྱུར། །ལོངས་སྤྱོད་ ལས་ནི་སྤྲུལ་པའི་སྐུ་རུ་འགྱུར་ཏེ་རྒྱལ་བའི་བདག་པ་སེམས་ཅན་ཀུན་གྱི་དོན་མཛད་ཕྱིར། །འཁྲིག་དུས་གནས་སྐབས་དང་ནི་ཤིན་ཏུ་གཉིད་ལོག་པ་དང་སྐུ་ཡི་དབྱེ་བ་གཞན་དང་སད་པ་རྣམས། །དེ་ ལྟར་སྐུ་ཡི་དབྱེ་བ་རྣམས་ཀྱིས་ཡིད་ནི་གནས་ཏེ་སྲོག་ཆགས་རྣམས་ཀྱི་ལུས་ལ་རྣམ་པ་བཞི། །སྤྲུལ་བ་ཡིད་དང་ལུས་དང་ངག་དང་དབང་པོ་རྣམས་ཀྱིས་ལོངས་སྤྱོད་བྱེད་པ་པོ་རུ་འགྱུར་བའོ། །ལོངས་སྤྱོད་ རྫོགས་པ་ཡོན་ཏན་དབང་ལས་སེམས་ཀྱིས་མཐོང་བར་འགྱུར་ཏེ་ཆོས་ཀྱི་སྐུ་ནི་གཉིད་ལོག་པ། །དག་པ་འདི་ནི་ཉིན་མཚན་དུས་སུ་ཐིག་ལེ་གསུམ་ཉིད་གྲོལ་བའི་མཐའ་རུ་བདེ་བར་འགྱུར་བ་ཡིས། །དེ་ཕྱིར་ རྣལ་འབྱོར་པ་ཡིས་ཉིན་མཚན་དུས་སུ་དེ་ཉིད་མི་འགྱུར་བ་ཡི་དོན་དུ་བསྒོམ་པར་བྱ། །གང་ཞིག་གཡོན་ནས་སྲོག་ཉིད་རབ་ཏུ་རྒྱུ་ན་དེ་བཞིན་གཡས་སུ་བསྐུམ་པར་རབ་ཏུ་འགྱུར་བ་ནི། །གཡོན་བརྐྱང་ [212A]༄༅། །འདུག་སྟངས་བརྗོད་དེ་དེ་ལྟར་མེ་དང་ཉི་མར་རྒྱུ་བ་མཉམ་དང་གཡས་བརྐྱང་འདུག་སྟངས་སོ། །ས་ག་ཟླུམ་པོ་དག་དང་ངེས་པར་མཆོག་ཏུ་རོལ་པ་རྣམས་དང་པདྨ་རྡོ་རྗེའི་ འདུག་སྟངས་རྣམས། །མཉམ་དང་མི་མཉམ་ལ་གནས་ནམ་མཁའ་ལ་སོགས་སྲོག་གི་རླུང་ལྔ་རྣམས་ནི་རབ་ཏུ་རྒྱུ་བའོ། །གསང་བ་གཙུག་ཏོར་དང་ནི་ལྟེ་བ་རྣམས་ལ་ལྷན་ཅིག་སྐྱེས་པ་རྒྱལ་བའི་ སྐུ་ནི་རང་བཞིན་མེད། །སྙིང་གའི་འཁོར་ལོར་ཆོས་ཀྱི་སྐུ་རུ་འགྱུར་ཏེ་མགྲིན་པར་ལོངས་སྤྱོད་རྫོགས་པའི་སྐུ་རུ་ཡང་དག་འགྱུར་།ཐིག་ལེ་པདྨར་ཡང་ནི་སྤྲུལ་པའི་སྐུ་ཉིད་འགྱུར་ཏེ་ཡོན་ཏན་ དབང་ལས་རིམ་གྱིས་ལྷག་པའི་ལྷ། །སྙིང་གའི་འཁོར་ལོ་མགྲིན་པའི་འཁོར་ལོ་སྤྱི་བོའི་པདྨར་ཆོས་དང་ལོངས་སྤྱོད་རྫོགས་དང་དག་པའོ། །ལྟེ་བ་མགྲིན་པ་གསང་བ་སྤྱི་པོ་སྙིང་ག་རྣམས་དང་དེ་བཞིན་ གཙུག་ཏོར་དབུས་ཉིད་རྣམས་ལ་ནི། །ཡུམ་དང་གཙོ་བོའི་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རིམ་པས་རྣམ་པ་གསུམ་དུ་ཡང་ནི་འགྱུར་བ་སྟེ་།པདྨ་རྣམས་ལ་འཁོར་ལོ་རིན་ཆེན་གྲི་གུག་ཆུ་སྐྱེས་རལ་གྲི་རྡོ་ རྗེ་རྣམ་ལྡན་རིགས་དྲུག་མཆོག་དེ་རྣམས་སྟེང་འོག་རྩ་གསུམ་རྣམས་ལ་ཟླ་བ་ཉི་མ་མ་ཡི་དབྱེ་བ་རྣམ་པ་གསུམ་དུ་འགྱུར། །སེར་སྐྱ་ཕྲ་མོ་ལུག་སྟེ་རྩ་རྣམས་ལམ་གསུམ་ཉིད་དུ་གནས་པ་སྣར་མ་ དང་ནི་གླང་ཆེན་ལྕེ། །རྒྱལ་ཉིད་དྲུག་པ་དང་ནི་རྒྱལ་བ་འགྲོ་མེད་འཕྱང་པ་ནོར་ཏེ་དཔལ་ལྡན་ཀུ་ཧ་དགུ་པའོ། །དུང་ཅན་ཕྱོགས་ཀྱི་གྲངས་ཏེ་གང་ཞིག་བྱང་ཆུབ་ས་བོན་བདེ་བའི་མཐར་ནི་འཛག་གོ་མི་ [212B] །དེ་ལྟར་དཔལ་ལྡན་རྩ་ཡི་འཁོར་ལོ་ཆིགས་ཀྱི་དབྱེ་བ་དུ་མས་རྣམ་པ་མང་པོར་འགྱུར་བའོ། །དབང་པོ་མེ་དང་གཤིན་རྗེ་བདེན་བྲལ་ཆུ་ལྷར་བཅས་པ་རླུང་དང་ནོར་དང་དབང་ལྡན་ཉིད་རྣམས་ ཀྱི༑ ༑གནས་འདི་རྣམས་སུ་ནུས་པ་ཉིན་མོ་མཚན་མོ་ལ་ནི་དེ་ཡི་རང་བཞིན་རྒྱུ་ཞིང་ལོངས་སྤྱོད་དོ། །དེ་སྟེང་མགྲིན་པའི་འཁོར་ལོར་གཟའ་ཚོགས་དང་བཅས་རྒྱུ་སྐར་འཁོར་ལོ་ཡང་དག་གནས་པར་ བརྗོད་པའོ། །ཆངས་པའི་གནས་གྱུར་དཔལ་ལྡན་དཔྲལ་བར་དབྱངས་ཀྱིས་ཡོངས་བསྐོར་བ་ལས་ཐིག་ལེ་དཀར་པོ་ངེས་པར་འཛག་སྤྱི་གཙུག་ཏུ་ནི་རྒྱ་མཚོ་སྙིང་གར་བརྒྱད་དང་སྤྱི་བོར་མི་བདག་ མགྲིན་པར་སོ་ཡི་གྲངས་རྣམས་དང། །ལྟེ་བར་བརྒྱད་ཀྱིས་བརྒྱད་བསྒྱུར་རྣམས་དང་མི་ཡི་བདག་པོ་ཉིས་འགྱུར་གསང་བའི་དབུས་སུ་རབ་ཏུ་གྲུབ། །རྩ་དྲུག་འཁོར་ལོར་འགོག་འགྱུར་བཅུ་ཡི་ ཡུལ་རྣམས་འཇོམས་ཏེ་དེ་རྣམས་འདུས་པའི་རང་བཞིན་རྣམས་སུ་བརྗོད་།ཡང་དང་ཡང་དུ་ཉིས་འགྱུར་དུ་ཡང་བསྒྱུར་བས་བད་ཀན་དང་ནི་མཁྲིས་པ་རླུང་གི་ཆ་རྣམས་སོ། །དེ་རྣམས་ཀྱིས་ནི་ ངེས་པར་འཆི་བ་སྟེར་ཞིང་བླ་མའི་ངེས་པའི་དབང་ལས་ཚེ་དང་ནད་མེད་སྟེར། །འཁོར་ལོ་དྲུག་ལ་དུས་ཀྱི་རྩ་ཡིས་འཆི་བའི་འཇིགས་འཇོམས་རྣལ་འབྱོར་རྣམས་ལ་འདིར་ནི་ངོ་མཚར་ཆེ། །སྤྱི་ གཙུག་ཏུ་ནི་རྒྱ་མཚོ་དཔྲལ་བར་ཆུ་གཏེར་དུས་ཀྱིས་བསྒྱུར་བས་བད་ཀན་ཁམས་རྣམས་རབ་འཁྲུག་བྱེད། །མགྲིན་པར་སོ་དང་སྙིང་གའི་ཆུ་སྐྱེས་ལ་ནི་མིག་གིས་དུས་བསྒྱུར་མཁྲིས་པའི་ཁམས་ [213A]༄༅། །རྣམས་རབ་འཁྲུག་བྱེད། །ལྟེ་བར་རྒྱ་མཚོ་དྲུག་ཅུ་སླར་ཡང་གསང་བར་མི་བདག་དེ་བཞིན་རླུང་གི་ཁམས་རྣམས་རབ་འཁྲུག་བྱེད། །གཞན་ཡང་གསང་བར་ཕྱོགས་དང་ དྲུག་པོ་གསུངས་པ་རྣམས་ཀྱིས་ངེས་པར་འདུས་པར་འགྱུར་ཞིང་འགོག་པའོ། །ལྟེ་བའི་ཆུ་སྐྱེས་ཉི་མའི་འདབ་མར་མཆོག་གི་རྩ་རྣམས་འཁོར་བའི་རིམ་པས་འཕོ་བར་འགྱུར་བ་ནི། ། སྲོག་ཟུང་རྣམས་ཀྱི་འཕོ་བ་དགུ་བརྒྱ་ཉིས་འགྱུར་རྣམས་ཀྱིས་ཀརྐ་ཊ་ཡི་དུས་སྦྱོར་མི་དབང་སྐྱེ། །དུས་སྦྱོར་གང་ལ་ཉི་མ་གནས་པ་ཉིན་མཚན་འཁོར་བ་འདི་ཉིད་དེ་རུ་རེག་པར་བྱ་བ་ནི་ དུས་སྦྱོར་ཚད་རྣམས་ཤེས་པར་བྱ་སྟེ་བུ་ལོན་ནོར་དུ་གཡས་དང་གཡོན་དུ་རྣམ་པར་བགྲོད་པའོ། །པདྨའི་འདབ་མ་རེ་རེ་ནུབ་ཀྱི་ཕྱོགས་སུ་ས་དང་བྱང་དུ་ཆུ་དག་རབ་ཏུ་རྒྱུ་པ་འོ། །ལྷོ་རུ་མེ་ དང་ཤར་དུ་རབ་ཏུ་རྒྱུ་བ་རླུང་སྟེ་གཞན་ཡང་འདབ་མའི་དབུས་སུ་སྟོང་པའོ། །འཕོ་བ་ལྔ་ཡི་དབྱེ་བ་རྣམས་ཀྱི་མཚམས་ནས་རབ་ཏུ་རྒྱུ་བའི་ཅུའི་དབུགས་ལས་དམན་པའོ། །དེ་ལྟར་ འཕོ་བའི་དབྱེ་བ་རྣམས་ནི་ཉིན་ཞག་སོ་སོའི་དུས་སུ་དུས་སྦྱོར་རྣམས་ཀྱིས་དབྱེ་བར་འགྱུར། །སྟོང་པ་ལ་སོགས་དེ་ཉིད་ལྔ་རྣམས་བྱང་ནས་ངེས་པར་རབ་ཏུ་རྒྱུ་སྟེ་ས་ལ་སོགས་པ་གཡས། ། སྒྲ་གཅན་དུས་མེ་དག་དང་ཟླ་བ་ཉི་མ་གཟའ་ལག་ས་སྐྱེས་པ་བ་སངས་དང་བླ་མ་དང། །མཇུག་རིང་དལ་བ་རྣམས་ནི་ནམ་མཁའ་ལ་སོགས་དཀྱིལ་འཁོར་རྣམས་ལ་བདག་པོ་བཅུ་རྣམས་ [213B] །གཡོན་དུ་ཟླ་དྲུག་ཟླ་བ་དབང་པོར་འགྱུར་ཏེ་གཡས་ཕྱོགས་སུ་ནི་ཉི་མ་ཉིད་དོ་མི་བདག་ཀྱེ། །དེ་སྟེང་སྙིང་གའི་ཕྱོགས་ན་ནོར་གྱི་འདབ་མའི་རྩ་ཡི་འཁོར་ལོ་རྣམས་ནི་ཡང་དག་ གནས་པའོ། །སྲོག་ལ་སོགས་པ་རླུང་གི་ཚོགས་རྣམས་རི་བོང་ཅན་དང་ཉི་མ་མེ་རྣམས་གཡོན་དང་གཡས་དང་དབུས། །གཡོན་གྱི་ཟླ་བའི་རྩ་ནས་རི་བོང་ཅན་མཚན་ཡིན་ཏེ་གཡས་ཀྱི་ཉི་མ་ ལས་ནི་ཁྲག་ཉིད་དོ། །དབུས་ནས་དུས་མེའི་རང་བཞིན་དུས་སྦྱོར་རྣམས་ཀྱི་མཚམས་སུ་དྲུག་ཅུའི་དབུགས་ལས་དམན་པ་རྒྱུ་བའོ། །ནོར་གྱི་པདྨའི་འདབ་མར་སྲོག་དང་ཐུར་དུ་རྒྱུ་དང་མཉམ་ གནས་གྱེན་དུ་རྒྱུ་བའི་རླུང་རྣམས་དང། །ཁྱབ་བྱེད་དང་ནི་ཀླུ་དང་རུས་སྦལ་དག་དང་རྩངས་པ་གཞན་ཡང་ལྷ་སྦྱིན་ནོར་རྒྱལ་རླུང་རྣམས་ཏེ། །དེ་ལྟར་རྩ་ཡི་འཁོར་ལོར་ལས་ཀྱི་དབྱེ་བས་རླུང་རྣམས་ རྣམ་པ་བཅུ་རུ་ཡང་དག་གནས་པ་ནི། །སྣར་མ་ལ་སོགས་དུང་ཅན་མཐར་ཐུག་རྩ་ཡི་འཁོར་ལོ་མཐའ་དག་རྣམས་ནི་སྙིང་གའི་པདྨ་ལའོ། །ཡེ་ཤེས་ཁམས་སུ་ཐུར་སེལ་རྣམ་པ་གསུམ་ཞེས་བྱ་ པར་འགྱུར་ཏེ་སྟོང་པ་ལས་ཀྱང་སྲོག་གི་རླུང། །རླུང་གི་དབུས་གནས་མཉམ་དང་མེ་ལས་སླར་ཡང་གྱེན་དུ་རྒྱུ་བར་བརྗོད་དེ་ཆུ་ལས་ཁྱབ་བྱེད་ཉིད། །ས་ལས་ཀླུ་དང་དེ་ནས་རུས་སྦལ་རྩངས་པ་ལྷ་སྦྱིན་ ནོར་རྣམས་ལས་ནི་རྒྱལ་བ་རྣམས་ཀྱི་རླུང། །བཞི་པོ་རྣམས་ཀྱི་རླུང་དང་མེ་དང་ཆུ་དང་ས་རྣམས་ཉིད་ལས་རིམ་པས་རབ་ཏུ་འགྱུར་བའོ། །སྲོག་གི་སྲོག་ལྡན་བྱད་ཅིང་ཉི་མ་རི་བོང་ཅན་ཉིད་ལམ་ནས་འགྲོ་ [214A]༄༅། །སྟེ་བཟའ་བཏུང་མཐའ་དག་རྣམས། །འོག་ཏུ་ཁྱེར་བ་ཐུར་དུ་རྒྱུ་བ་ཡིན་ཏེ་ལུས་ལ་མ་ལུས་རོ་མཉམ་བྱེད་པ་མཉམ་པར་བརྗོད་།ལུས་ལ་སྐྱོད་བྱེད་པས་ཤུ་ རྒྱུ་བར་བརྗོད་པ་ཁ་དང་ལག་པ་རྐང་པས་གླུ་གར་བྱེད་པས་སོ་།ནད་ཉིད་བྱེད་པས་ཁྱབ་བྱེད་ཅེས་པས་རང་བཞིན་ཡོན་ཏན་དབང་ལས་དེ་བཞིན་ལུས་འཇོམས་བྱེད་པས་སོ། །ཀླུ་ཡིས་སྒྲགས་ པ་ཉིད་དེ་གསལ་བར་ལག་པ་དང་ནི་རྐང་པ་སྐུམ་པར་བྱེད་པ་རུས་སྦལ་ལོ། །ཁྲོ་དང་འཁྲུག་པ་མཐའ་དག་རྩངས་པའི་རླུང་གིས་བྱེད་དེ་གླལ་བར་བྱེད་པ་ལྷ་སྦྱིན་ཉིད་ཀྱིས་སོ། །ལུས་ལ་ལྔ་འགྱུར་མཐར་ བྱེད་རླུང་གཅིག་གིས་ནི་མི་གཏོང་བ་དེ་ནོར་རྒྱལ་ཉིད་ཀྱིས་མི་བདག་ཀྱེ། །དེ་ལྟར་སྲོག་ལ་སོགས་པའི་རླུང་རྣམས་ཐམས་ཅད་ཀྱིས་ནི་རང་བཞིན་གྱུར་པའི་ཡོན་ཏན་རྣམས་མི་འདོར། །རྩ་བར་ས་དང་གཡོན་ དུ་ཆུ་ཉིད་རབ་ཏུ་ཡིན་ཏེ་གཡས་སུ་བྱིན་ཟ་དང་ནི་སྟེང་དུ་རླུང། །དབུས་སུ་ནམ་མཁའ་ཡིན་ཏེ་སྣ་བུག་གཉིས་པོ་དག་ནས་རིམ་པས་མཉམ་པར་རབ་ཏུ་རྒྱུ་བའོ། །འདི་རྣམས་ནུས་པས་རབ་ཏུ་ ཕུག་ནས་མཆོག་གི་རང་བཞིན་འགྲོ་ཞིང་བཅུ་གཉིས་མཐའ་ནས་ཆ་མཐར་འགྲོ། །ཞིང་ལ་སོགས་པ་ལག་པ་རྐང་པ་དག་གི་པདྨ་གཉིས་པོ་སོར་མོ་མ་ལུས་རྣམས་ཀྱི་མཐར། །འཁོར་ལོ་ ཅན་ནི་རང་གི་ལུས་ལ་རྡོ་རྗེ་ཅན་ཏེ་ལྷ་མཆོག་བདག་པོ་ཡན་ལག་བཅུ་གཉིས་འགོག་རིགས་གཅིག་ཡང་དག་ཡེ་ཤེས་ཡིན་ཏེ་གླང་རྟ་ཤིང་རྟ་མངག་གཞུག་འཁོར་རྣམས་འཕགས་པའི་ [214B] །དྲག་པོ་སོ་སོའི་རང་རྒྱལ་མིང་ཅན་ཉིད་དུ་འགྱུར་ཏེ་ཧ་ནུ་མནྡྷ་ཉན་ཐོས་སྲོག་ཆགས་སོ། །མ་རུངས་ཀླ་ཀློའི་དབང་པོ་སྡིག་པ་ཉེ་སྟེ་བྱེད་པའི་བློ་གྲོས་སྡུག་བསྔལ་སྟོང་ཉིད་མི་དགེའི་ ལས༑ །རྟ་ཡི་སྟོབས་ཉིད་མ་རག་པ་སྟེ་ལྷ་མིན་སྟོབས་ནི་བདུད་ཀྱི་ཕྱོགས་རྣམས་བཞི་པོ་མ་ལུས་པ། །དེ་རྣམས་འཐབ་པས་སྡུད་པ་སྲིད་པའི་འཇིགས་འཇོམས་པ་སྟེ་རྒྱལ་བས་དཔལ་དང་ལྡན་ པ་ཐར་པའི་ལམ། །ཀཻ་ལ་ཤ་རུ་ཆོས་སྦྱིན་སྲིད་པའི་འཇིགས་འཇོམས་པ་སྟེ་རྫས་ཀྱིས་གང་བའི་ས་ཉིད་ཁམས་དག་པ། །བུ་དག་ལྷ་དང་མི་ཡི་བླ་མ་ཆངས་པ་ལྷ་དབང་རྒྱབ་དང་མདུན་དུ་འབྱུང་བར་ འགྱུར་བའོ། །སྲིད་གསུམ་རྣམ་པར་རྒྱལ་བ་འཇམ་དཔལ་འཇིག་རྟེན་མགོན་དང་དཔལ་ལྡན་རྡུལ་དང་བྱང་ཆུབ་ས་བོན་ནོ། །ས་སྟེང་རྒྱབ་ཏུ་ཚངས་པ་ལ་སོགས་སྣ་ཚོགས་རིགས་ནི་རྣམ་པར་དག་ པའི་སངས་རྒྱས་དུ་མའོ། །དེ་ལྟར་ཀླ་ཀློའི་དབང་པོ་ངེས་པར་འཐབ་པར་འགྱུར་བ་ལུས་ཅན་རྣམས་ཀྱི་ལུས་ཀྱི་དབུས་སུའོ། །ཕྱི་རུ་སྒྱུ་མའི་ངོ་བོ་ཉིད་ཀྱིས་ངེས་ཡིན་མཁའི་ཡུལ་དུ་ཀླ་ཀློ་ འཐབ་མོ་འཐབ་པས་མིན། །དཔལ་དུས་ཀྱི་འཁོར་ལོ་བསྡུས་བའི་རྒྱུད་ཀྱི་རྒྱལ་པོ་ལས། །ནང་སེམས་ཅན་ཁམས་ཀྱི་མདོར་བསྡུས་པ་སྟེ་ལེའུ་གཉིས་པའི་རྒྱུད་ཀྱི་སྙིང་པོའོ།། །། དང་པོར་ཡང་དག་བསྟེན་བྱའི་བླ་མ་རྣམས་ནི་དམ་ཚིག་ལྡན་དང་རྡོ་རྗེའི་ཐེག་ལ་ལྷག་པར་གནས། །དེ་ཉིད་སྒོམ་དང་ལྡན་དང་མ་ཆགས་སྡིག་པ་རྣམ་པར་སྤངས་དང་བཟོད་དང་རང་བཞིན་ལམ་ [215A]༄༅། །ལ་གནས། །སློབ་མ་རྣམས་ལ་ལམ་སྟེར་དམྱལ་བའི་འཇིགས་པ་འཇོམས་དང་དེ་ཁོ་ན་ཡི་ཚངས་པར་སྤྱོད་པ་དང། །དེ་རྣམས་ལྡན་པ་བདུད་རྣམས་རྡོ་རྗེའི་དབྱུག་པ་ ས་ཡི་སྟེང་དུ་རྡོ་རྗེ་སེམས་དཔའ་རབ་ཏུ་འགྲུབ། །ང་རྒྱལ་ལྡན་དང་ཁྲོ་བ་མངོན་དུ་གྱུར་དང་དམ་ཚིག་བྲལ་དང་རྫས་ལ་ཆགས་དང་ཐོས་པ་མེད། །སློབ་མ་རྣམས་ནི་བསླུ་བ་དང་སྟེ་བདེ་བ་ དམ་པའི་གནས་ལ་འཇིགས་སེམས་དང་ནི་དབང་མཐོབ། །ལོངས་སྤྱོད་ལ་ཞེན་བག་མེད་པ་དང་ཚིག་རྩུབ་བཅས་པ་དང་སྟེ་འདོད་ཅན་དབང་པོ་དོན་གཉེར་རྣམས། །སློབ་མ་རྣམས་ཀྱིས་རྫོགས་ པའི་བྱང་ཆུབ་རྒྱུ་རུ་དེ་རྣམས་དམྱལ་བ་བཞིན་དུ་བློ་ཡིས་སྤང་པར་བྱ། །ཟབ་ཅིང་རྒྱ་ཆེའི་སེམས་དང་བླ་མའི་ངེས་པ་ལ་དགའ་གཏོང་བའི་ངང་ཚུལ་ལྡན་དང་ཡོན་ཏན་ཤེས། །ཐར་པ་ དོན་དུ་གཉེར་དང་རྒྱུད་ལ་གུས་དང་གཡོ་མེད་སེམས་དང་དེ་ཉིད་སྙེད་པ་ཞེས་བྱ་གསང། །གདུག་པ་རྣམས་ཀྱི་དགེ་འདུན་འཇོམས་པས་དེ་ཉིད་རིག་པའི་བླ་མ་ཤིན་ཏུ་ཚོལ་བ་དང་བཅས་ པས༑ ༑ཤེས་རབ་ཡེ་ཤེས་དབང་སོགས་རྒྱུ་རུ་ཡིན་ཏེ་གཞན་ཞེས་བྱ་དང་འབྲིང་པོ་བསོད་ནམས་རྒྱུ་རུའོ། །འདིར་ནི་དབང་ཉིད་རྣམ་པ་གཉིས་ཏེ་བུ་ཡི་ཡོན་ཏན་དབང་ལས་འཇིག་ རྟེན་པ་དང་འདས་པའོ། །གང་ཞིག་ཤེས་རབ་ཀྱི་ནི་ནུ་མར་རེག་བ་ཉིད་དང་གཞན་ཡང་བདུད་རྩི་མྱོང་དང་འཁྱུད་པའོ། །ཤེས་རབ་དང་ནི་འདུས་པས་བྱང་ཆུབ་སེམས་ནི་ཞུ་བ་སྐད་ [215B] །དེ་རྣམས་ཐམས་ཅད་འཇིག་རྟེན་པ་ཡི་ལམ་གྱི་རྒྱུ་རུ་སྙིང་རྗེ་མཆོག་གིས་ངེས་པར་བསྟན་པའོ། །ཕྱོགས་ཀྱི་ལོ་ནི་གཅིག་ནས་རྣམ་པ་བཅུ་ཡི་བར་དུ་ལྟ་ དང་རེག་པར་བྱ་བ་ཡིན་པ་སྟེ། །དེ་རྣམས་འཁྱུད་བྱ་རྣམས་ནི་རྒྱ་མཚོ་རྣམས་དང་རོ་བཅས་བསྟེན་པར་བྱ་བ་གཡོ་བ་ལ་སོགས་པ་།ཉི་ཤུའི་ལོ་ཡི་འོག་མ་ཕྱག་རྒྱ་རྣམས་ནི་མཆོག་ཏུ་འཇིགས་ བྱེད་ཁྲོ་བོ་འབྱུང་པོ་ལྷ་མིན་རིགས། །དབང་གི་དོན་དུ་དྲུག་དང་གསུམ་གྱིས་བདེ་མཉམ་འབྲས་སྟེར་བ་དང་གཞན་ནི་བསྒོམ་པའི་དོན་དུའོ། །སྐྲག་དང་འཁྲུལ་པའི་སེམས་དང་གཡོ་དང་གཞན་ གྱི་དབང་དུ་འགྲོ་བ་དང་ནི་ནད་ཅན་བུ་བཅས་དང། །ཁྲོ་ལྡན་ཁེངས་ཤིང་འདོད་ལ་ཆགས་དང་རྫུན་དང་རྩོད་པ་ལ་དགའ་ཡན་ལག་ཉམས་དང་མ་དག་པ། །དེ་ལྟ་བུ་རྣམས་ཤེས་རབ་ཡེ་ཤེས་དབང་ དུ་ཤིན་ཏུ་འབད་དེ་བླ་མས་སྤང་བྱ་མི་དབང་ཀྱེ། །སྔར་གསུངས་སངས་རྒྱས་བླ་མ་དག་པ་གུས་ལྡན་དམ་ཚིག་འཛིན་པ་ཕྱག་འཚལ་བ་དང་མཆོད་པར་བྱ། །སེམས་ཀྱིས་བསམ་པར་བྱ་བ་མ་སྟེ་ རེག་པར་བྱ་ཞིང་འཁྱུད་པ་ཡིས་ནི་སྲིང་མོར་འགྱུར་བའོ། །རྡོ་རྗེ་རང་ཞུགས་བུ་མོར་བརྗོད་དེ་བྱེད་པ་དང་བཅས་ཤིན་ཏུ་བདེ་བར་གྱུར་བ་ཚ་མོའོ། །ཐིག་ལེ་ལྷུང་བ་ཆུང་མར་འགྱུར་ཏེ་ཆགས་བྲལ་ གཞན་གྱི་རིགས་སུ་གྱུར་པའི་རྣལ་འབྱོར་མ་ཉིད་དོ། །དེ་ལྟར་རྣལ་འབྱོར་ཕྱག་རྒྱ་དྲུག་ནི་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ཆད་པའི་དངོས། །ཆུ་སྐྱེས་སུ་ནི་རྡོ་རྗེ་རབ་ཞུགས་ས་དང་མེ་རུ་ [216A]༄༅། །རླུང་དང་ཐིག་ལེ་མ་ལྷུང་རིམ་པ་སྟེ། །དེ་ལྟར་རྣལ་འབྱོར་གསུམ་གྱིས་རབ་ཏུ་གསལ་བར་ངེས་པར་སྐུ་དང་གསུང་དང་ཐུགས་ཀྱི་ཕྱག་རྒྱའོ། །ཆགས་དང་ཆགས་ བྲལ་མཐའ་དང་སྔོན་དུ་བདེ་བ་དམ་པ་གཏེར་ནི་སྦྱོར་བས་གོ་ཆ་བཞི་པའོ། །ཕྱག་རྒྱ་རྣམས་ལས་ཡུམ་གྱི་མཆོག་གྱུར་རྣམ་པ་བཅུ་པོ་དེ་ནི་དཔལ་ལྡན་བླ་མའི་ཞལ་འདིའོ། །གང་ ཞིག་དང་པོར་ཡང་ནི་དཔལ་ལྡན་ཤེས་རབ་ནུ་མར་རེག་པ་དེ་ཉིད་བུམ་པའི་དབང་དུ་བརྗོད། །རི་བོང་འཛིན་པ་མྱངས་དང་གསང་བ་མཐོང་བར་བྱས་པ་གསང་བའི་དབང་དུ་རབ་ཏུ་འགྱུར་ བའོ༑ ༑མཐའ་དག་རྒྱལ་བའི་རིགས་ཀྱིས་ཡན་ལག་ཁ་རྣམས་སྦྱངས་པར་བྱས་ཏེ་ཤེས་རབ་ཡེ་ཤེས་དབང་སྦྱིན་བྱ། །རྒྱལ་བ་དབང་པོར་བྱས་ཏེ་སློབ་མའི་དོན་དུ་ཕྱག་རྒྱ་སྦྱིན་དང་ གཞན་ཡང་བླ་མ་ལ་ཡང་འདིར། །འདོད་དང་དགའ་དང་གཡོ་བ་དང་ནི་མི་འགྱུར་བ་སྟེ་བཞི་རྣམས་ཀྱིས་ནི་དེ་ཡི་སྦྱོར་བ་གཅིག་གང་བ་ནུས་པ་དང་ནི་སྐྱེ་བ་ངེས་པར་ཡིན་ཏེ་མཆོག་ཏུ་ དགའ་བ་ཉིད་རྣམས་གཉིས་པའོ། །འབར་བ་དང་ནི་ཐིག་ལེ་དག་དང་ཡུར་བ་དང་སྟེ་ཁྱད་པར་དགའ་བ་ཉིད་རྣམས་གསུམ་པའོ། །ཨོཌྜ་དང་ནི་སྒྲ་ཅམ་ཉིད་དེ་གཉིད་དང་ལྷན་ཅིག་སྐྱེས་ པའི་དགའ་བ་ཉིད་རྣམས་བཞི་པའོ། །དེ་ནས་སྐྱེ་གནས་རྡུལ་སྤངས་མེད་དེ་ཡུལ་འཇིག་འགྱུར་བས་རེ་ཞིག་ས་ལས་དབང་བསྒྱུར་ཡོད་པ་མིན་།འོན་ཀྱང་ཤེས་རབ་ཡེ་ཤེས་དབང་ནི་ [216B]།དེ་ཉིད་རྣམས་ལ་ས་ཆུ་མེ་རླུང་ནམ་མཁའི་ཡོན་ཏན་རྒྱལ་བའི་ཡན་ལག་དོན་དུ་བཙལ་བར་བྱ། །འདི་ནི་བསོད་ནམས་དོན་ རྣམས་བྱེད་པས་བྱང་ཆུབ་སེམས་ཀྱི་བསྙེན་པ་འབྲས་བུ་དུ་མར་འགྱུར་བའོ། །གང་ཞིག་འཇིག་རྟེན་ལས་འདས་དབང་ནི་རྒྱལ་བའི་བདག་བོ་དམ་པའི་ཕྱག་རྒྱ་བཟང་དང་རྗེས་འདུས་པ། ། སེམས་ཀྱི་སྣང་བ་ཙམ་སྟེ་རང་གི་ཡིད་ལ་སྐྱེས་པ་མེ་ལོང་གི་ནི་གཟུགས་བརྙན་ལྟ་བུར་ངེས། །མ་ལུས་རྒྱལ་སྲས་རྣམས་དང་སངས་རྒྱས་རྣམས་ཀྱིས་བསྟེན་པ་རྣལ་འབྱོར་དབང་པོ་རྣམས་ ཀྱིས་བསྟེན་བྱས་ན། །ཡེ་ཤེས་སྣང་བ་དེ་ཉིད་རབ་ཏུ་ཤར་བས་བདུད་དཔུང་གཡུལ་དང་བཅས་པ་མཐའ་དག་སྲེག་པ་དང། །ཆགས་པ་ལ་སོགས་རྣམས་ཀྱིས་རྣལ་འབྱོར་པ་རྣམས་ལུས་ལ་ ལོ་གཅིག་སྦྱོར་བས་བདེ་མཉམ་འབྲས་སྟེར་བྱེད། །ཤེས་རབ་ཡེ་ཤེས་ཞེས་པ་སེམས་ཀྱི་སྣང་བ་ཉིད་དེ་དེ་ཡང་རྣམ་པ་བཅུ་དུ་འགྱུར་བའོ། །དབང་འདིར་ཞུགས་པ་གང་ཞིག་དྲི་མ་ མེད་པའི་རི་བོང་ཅན་མཚུངས་མེ་ལོང་གཟུགས་བརྙན་ལྟ་བུར་ངེས་།དེས་ན་བདེ་བ་འཛག་པ་མེད་པ་ལྷན་ཅིག་སྐྱེས་པ་འགྱུར་མེད་བཞི་པ་མྱ་ངན་འདས་པར་ངེས། །དེས་ན་སངས་རྒྱས་ ཞལ་ནི་གང་གི་ཐུགས་དང་ཞལ་ལ་གནས་པ་དེ་ཉིད་དཔལ་ལྡན་བླ་མའོ། །གང་ཞིག་ཁྲག་གི་བཏུང་བ་བྱེད་པའི་ཤ་སྦྲང་དེ་ནི་རབ་མཆོག་ལྷ་དང་མི་ཡི་བདུད་རྩི་དང། །སྐྱུག་པ་ཟོས་པ་གསང་ [217A]༄༅། །བའི་ཞལ་ནས་རྡོ་རྗེ་ནོར་བུར་གྱུར་པ་ཆུ་སྐྱེས་ནང་དུ་མ་ཞུགས་པ། །བཤད་དང་གཅི་དང་ཁྲག་དང་ཤ་ནི་མཆོག་ཏུ་རོ་མཉམ་སྐྱུག་པ་རྣམས་ནི་ནང་དུ་ཞུགས་པའོ། །དེ་ ལྟར་ཡེ་ཤེས་བདུད་རྩི་འདི་ནི་སྲིད་པ་གསུམ་གྱི་བླ་མས་རྒྱུད་རྣམས་ཐམས་ཅད་དུ་ནི་བསྟན། །གང་ཚེ་ཤེས་རབ་ཆོས་འབྱུང་དུ་ནི་བདེ་བ་ལྷུང་ནས་སླར་ཡང་རབ་ཏུ་བཟའ་བས་བསྲུང་བར་བྱ། །དེ་ ཡས་སེམས་ཅན་གང་ཞིག་དེ་རྣམས་རྒྱལ་བའི་རིགས་སུ་གྱུར་པའི་བྱང་ཆུབ་སེམས་དཔའ་ཅུང་ཟད་འགྱུར། །དེ་ཕྱིར་ཉི་མ་སོ་སོའི་དུས་སུ་དེ་ཉིད་ཟ་བར་བྱེད་དང་ཤེས་རབ་མེ་ཏོག་དང་ལྡན་པའི་ ཞི་བའི་བདེ་འབྲས་སྟེར་བ་སྟོན་བྱེད་སྲིན་པོ་དང་ནི་བདུད་ཀྱི་ཕོ་ཉ་རྣམས་ཀྱིས་ཟ་རུ་འཇུག་རྡོ་རྗེ་པདྨ་ལས་ནི་དབྱུང་བར་མི་བྱ་མཆོག་གི་བདེ་བར་གྱུར་པ་མ་འཁུམས་པ་རུ་བྱ། །དེ་ལ་སངས་ རྒྱས་བྱིན་གྱིས་བརླབས་པར་གང་ཚེ་རབ་ཏུ་གྱུར་པ་དེ་ཚེ་འདོད་པའི་དངོས་གྲུབ་ངེས། །རྡོ་རྗེ་ཆུ་སྐྱེས་དག་ཏུ་རབ་ཏུ་བཅུག་པས་རང་རང་རྡོ་རྗེ་སྙིང་གར་ཡེ་ཤེས་འཁོར་ལོར་ཞུགས། །འཁོར་ལོའི་ རྣམ་པར་བྱ་ཞིང་སླར་ཡང་གཉིས་ཀའི་ལུས་སུ་གྱུར་པ་འོད་ཟེར་རྣམས་ཀྱིས་གང་བར་བྱ། །གལ་ཏེ་འདི་ཡིས་གྲུབ་པར་མ་གྱུར་རྡོ་རྗེ་ནོར་བུ་ཡང་དག་གནས་པ་བཟའ་བས་བསྲུང་བར་བྱ། ། ཤེས་རབ་ཆོས་འབྱུང་ལ་གནས་བསྐྲུན་པའི་དོན་དུ་མཐའ་དག་རྒྱལ་བའི་རིགས་རྣམས་དགོད་པར་བྱ་བའོ། །ཤེས་རབ་ལྡན་པ་ཉིད་དམ་ཡང་ན་གཅིག་ཉིད་དག་ནི་སངས་རྒྱས་སྐུ་ཡི་ཞབས་ [217B] །རྨོངས་པ་གང་ཞིག་འདི་ལ་འཇིགས་པར་མངོན་པར་འདོད་པ་དེ་ནི་རྡོ་རྗེ་ཅན་བྱིས་གསོད་པར་འགྱུར། །ལུས་ནང་གནས་པའི་ལག་པ་དང་ནི་རྐང་པ་ལུས་ཉིད་རྣམས་དང་དྲུག་ཆ་ དབྲལ་བ་ཡན་ལག་མཆོག་ལས་ཀྱི་དབང་པོ་རྣམས་ལས་དག་སྟེ་གཞན་ཡང་དབང་པོ་རྣམས་ཀྱི་ནང་ནས་ཡོན་ཏན་བཅས་པའི་ཡིད། །ཁམས་ཀྱི་ནང་ནས་ཁམས་ཀྱི་ཆ་སྟེ་བྲན་དང་ཕྱུགས་རྣམས་ དེ་ཡི་ཆ་ཡིས་འགྱུར་རོ་གཞན་དག་ཀྱང། །ཕྱག་རྒྱ་བཟང་མོ་སློབ་དཔོན་ཆེད་དུ་རབ་ཏུ་ཕུལ་ན་བདེ་བའི་གནས་སུ་མྱུར་དུ་འགྲོ་བར་འགྱུར། །སྲིད་པ་རྣམ་གསུམ་ལ་གནས་འཇིག་རྟེན་ཁམས་ཀྱི་ སེམས་ཅན་གང་ཞིག་ཡེ་ཤེས་རྡོ་རྗེའི་ལྕགས་ཀྱུ་ཡིས། །དེ་རྣམས་མ་ལུས་ཀུན་ནས་བཀུག་སྟེ་སྙིང་རྗེ་མཆོག་གི་དཀྱིལ་འཁོར་དུ་ནི་དབང་བསྐུར་བྱས་པ་དང། །སངས་རྒྱས་རྣམས་དང་རྡོ་ རྗེའི་བདུད་རྩི་ཉིད་དེ་དྲི་མེད་རྡོ་རྗེ་ཅན་ལུས་རྡོ་རྗེ་ཅན་རྣམས་འཐོབ། །དྲི་མ་རྣམ་པར་བྲལ་རྣམས་རང་རང་གནས་སུ་བཏང་སྟེ་བྱང་ཆུབ་སྤྱོད་ལ་རྗེས་སུ་གནས་པར་བསམ། །རྫས་རྣམས་སྤངས་པའི་ཨ་བ་ དྷཱུ་ཏི་རྣམས་ལ་རྒྱལ་བའི་བདག་པོའི་བཀའ་ཡིས་དབང་རྣམས་སྦྱིན་པར་བྱ། །དེ་ལྟར་དུ་བ་ལ་སོགས་ལམ་དང་ཡོན་ཏན་མ་ལུས་གཏར་ནི་རྩ་ཡི་རྣལ་འབྱོར་ལྡན་པའོ། །བསྟེན་པའི་དོན་དུ་ལག་པའི་ ཕྱག་རྒྱས་རང་སེམས་དབང་ལས་ཉེས་པ་ཐམས་ཅད་རྣམ་པར་གྲོལ་བར་བྱེད། །གཞན་ཡང་རྒྱལ་མཆོག་ཐུགས་གྱུར་ཡུམ་གྱི་མཆོད་པ་རྣམ་པར་བྲལ་བ་རྣམས་ལ་སྦྱིན་པར་བྱ་བ་མིན། །དེ་ནས་ [218A]༄༅། །སློབ་དཔོན་སློབ་མར་བཅས་པ་མ་ལུས་ཚོགས་ཀྱི་རིགས་རྣམས་ཇི་ལྟར་འདོད་བཞིན་མཉེས་པར་བྱ། །སློབ་མ་རྣམས་ལ་གནང་བ་བྱིན་ནས་རབ་མཆོག་ཆོགས་ཀྱི་ རིགས་རྣམས་རང་རང་གནས་སུ་གཤེགས་སུ་གསོལ། །དགྲ་དང་སེངྒེ་དང་ནི་གླང་ཆེན་མེ་དང་ལྟོ་འཕྱེའི་རྒྱལ་པོ་ཆོམ་རྐུན་ཞགས་པས་འཆིང་བ་དང། །རྒྱ་མཚོ་འཁྲུག་པར་བྱེད་དང་ཤ་ཟའི་ འཇིགས་པ་ནད་ཀྱིས་འཆི་བར་བྱེད་དང་དབང་པོས་འཆེ་བ་དང་།དབུལ་བོ་དང་ནི་བུད་མེད་བྲལ་དང་རྒྱལ་པོ་ཁྲོས་པས་འཇིགས་དང་རྡོ་རྗེ་ལྟུང་དང་དོན་ཉམས་རྣམས། །རྣལ་འབྱོར་མ་ཡི་ཞབས་ གྱུར་དེ་ཉིད་གང་གིས་གསལ་པར་དྲན་པས་འདི་རྣམས་རབ་ཏུ་འཇིག་པར་འགྱུར། །དཔལ་དུས་ཀྱིས་འཁོར་ལོ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ལས་།དབང་བསྐུར་བའི་ལེའུ་མདོར་བསྡུས་པ་སྟེ་ ལེའུ་གསུམ་པའི་རྒྱུད་ཀྱི་སྙིང་པོའོ།། །།གཏུམ་མོའི་ལྟེ་བའི་འཁོར་ལོར་ལྟོ་འགྲོ་དགུ་ཡིས་བསྒྱུར་བ་ཙ་རྩི་ཀ་སོགས་ལྷག་པའི་ལྷ་དང་ལྡན། །དབུས་ཀྱི་ཧོ་ཡིག་ཡེ་ཤེས་ གློག་གི་འོད་དང་མཚུངས་པའི་ཡེ་ཤེས་མེ་ཡིས་རབ་ཏུ་སད་པ་ལས་།མི་ཡི་བདག་པོ་ལྟེ་བར་ངེས་པར་སྣང་མཛད་སོགས་དང་སྤྱན་མ་སོགས་ནི་མིག་ལ་སོགས་པ་རྣམས། །ཐམས་ཅད་ བསྲེགས་ཏེ་སྤྱི་བོའི་ཟླ་བ་བཟང་ལས་འཛག་ཐིག་ལེའི་གཟུགས་གྱུར་གང་ཞིག་རྡོ་རྗེ་ཅན་ཉིད་དོ། །ཤེས་རབ་ཆོས་འབྱུང་ལ་གནས་ཐག་ལེ་སླར་ཡང་དེ་བཞིན་ངེས་པར་མ་ལུས་སྤྲོ་བར་བྱ་བ་སྟེ།། [218B]ལྟ་བུར་ཡེ་ཤེས་འཁོར་ལོ་རབ་ཏུ་འབྱུང། །འདོད་པ་དང་ནི་གཟུགས་དང་གཟུགས་མེད་རྣམས་ཏེ་སྲིད་པ་རྣམ་གསུམ་དག་ཀྱང་རིམ་པས་ སྦྱང་བར་བྱ། །ཕྱི་ནང་ཡེ་ཤེས་འབར་བས་སྲིད་གསུམ་མ་ལུས་ལན་གཅིག་གིས་ནི་ངེས་པར་འགུགས་པར་བྱེད་པའོ། །ཟླ་བ་ཉི་མར་ཨ་སོགས་ཀ་སོགས་རྣམ་གསུམ་འགྲོ་འགྱུར་སྐུ་རྡོ་རྗེ་ལ་སོགས་ པའི་བཟླས་པ་སྟེ། །སོ་སོར་སྡུད་པ་ལ་སོགས་དྲུག་གིས་གསེར་བཟང་པདྨར་སྐུ་དང་གསུང་དང་ཐུགས་ཀྱི་སྦྱོར་བ་དང། །རྡོ་རྗེ་གསུམ་སྒོམ་བྱས་པས་དགའ་བ་ལ་སོགས་རྡོ་རྗེ་དང་ནི་ཆུ་སྐྱེས་རོ་མཉམ་ གྱུར་པའོ། །ཤེས་རབ་ཆུ་སྐྱེས་ལས་ནི་ཐུགས་ཀྱི་ཐིག་ལེ་ལྷན་ཅིག་སྐྱེས་བ་དེའི་དབང་ལས་གཞོམ་དུ་མེད་པར་བསྒོམ། །བསྙེན་པ་བདུད་རྩི་ལྔ་ལ་སོགས་དང་ཆུ་གཏེར་རྡོ་རྗེ་རྣམས་དང་སོ་སོར་སྡུད་སོགས་ རྣམ་ཀྱིས་སོ། །སྔགས་བཟླས་ལ་སོགས་རྣམས་དང་རྡོ་རྗེ་པདྨ་ལས་སྐྱེས་བདུད་རྩི་ཡིས་ནི་ཉེ་བར་བསྒྲུབ་པར་འགྱུར། །དགའ་བ་ལ་སོགས་རྡོ་རྗེ་གསུམ་གྱིས་ཆུ་སྐྱེས་རོ་མཉམ་གྱུར་པར་བསྒོམ་ པ་སྒྲུབ་པར་གྱུར་པའོ། །ཤེས་རབ་ལྡན་འདུས་འཇིགས་མེད་ཡང་དག་གྱུར་པ་ཕྲ་མོའི་རྣལ་འབྱོར་ངེས་པར་སྒྲུབ་བ་ཆེན་པོར་འགྱུར་།དང་པོར་སྟོང་པའི་བྱང་ཆུབ་ངེས་པར་འགྱུར་ཏེ་སླར་ ཡང་དེ་ནས་ཟླ་བ་ཐིག་ལེ་སྡུད་པའོ། །གཟུགས་བསྐྱེད་པ་དང་དེ་ནས་རབ་མཆོག་རོ་ཡི་རིགས་ལ་ཡི་གེ་རྣམས་ནི་དགོད་བ་ཉིད་དུ་འགྱུར་།ཆུ་གཏེར་རྡོ་རྗེ་འདི་ནི་སྤྱི་ཡི་བསྙེན་པར་འགྱུར་ཏེ་གཞན་ [219A]༄༅། །ཡང་སྒྲུབ་པ་ཞེས་པ་དབུ་མའོ། །འདིར་ནི་སྙི་དང་མཁྲེགས་པ་ཐབས་ནི་རྣམ་པ་བཞི་འགྱུར་དེ་བཞིན་བསྙེན་དང་སྒྲུབ་པའི་ཡན་ལག་བརྗོད། །སོ་སོར་སྡུད་པ་རྒྱལ་ བའི་དབང་པོ་ཉིད་དང་བསམ་གཏན་མི་བསྐྱོད་པ་དག་རྣམ་པ་བཅུ་རུ་འགྱུར། །སྲོག་སྡུད་པ་ནི་རལ་གྲི་ཅན་དང་འཛིན་པ་རིན་པོ་ཆེ་ཡི་ཕྱག་ཅན་དག་ཀྱང་རྣམ་པ་བཅུ། །རྩོལ་པ་རྗེས་སུ་དྲན་ པ་པདྨ་འཇིན་པར་ཡང་ནི་འགྱུར་ཏེ་དཔལ་ལྡན་ཏིང་འཛིན་འཁོར་ལོ་ཅན། །དེ་ནས་སླར་ཡང་རེ་རེ་ལ་ཡང་ཝ་ལྔ་ཡི་དབྱེ་བ་རྣམས་ཀྱིས་ཨ་སོགས་ཀ་སོགས་རྣམས་ཀྱིས་དབྱེ། །སོ་སོར་སྡུད་ པ་ཡུལ་དང་ཡུལ་ཅན་རྣམ་པ་བཅུ་པོ་འབྲེལ་བ་རྣམས་ཀྱིས་རབ་ཏུ་མི་འཇུག་ཉིད། །ཤེས་རབ་རྟོག་པ་དང་ནི་དཔྱོད་དང་དགའ་དང་བདེ་བ་མི་གཡོ་རྩེ་གཅིག་སེམས་ནི་བསམ་གཏན་ནོ། ། སྲོག་ཉིད་རྩོལ་བས་ལམ་གཉིས་མཉམ་པར་འགྱུར་གྱི་བར་དུ་བྱ་སྟེ་དབུ་མར་སྲོག་རྣམས་གཞུག་པའོ། །ཐིག་ལེ་རུ་ནི་སྲོག་གཞུག་པ་སྟེ་གཉིས་ཀའི་འགྲོ་བ་གཞོམ་ཞིང་རྩེ་གཅིག་ སེམས་ཀྱད་འཛིན་པའོ། །གང་ཞིག་ལྟེ་བར་གཞུམ་མོར་གྱུར་པས་ངེས་པར་ལུས་དང་ནམ་མཁའ་རུ་ནི་རྗེས་སུ་དྲན་པར་འགྱུར། །ཐབས་དང་ཤེས་རབ་བདག་ཉིད་ཀྱིས་ནི་མི་འགྱུར་བདེ་ བའི་དབང་ལས་ཡེ་ཤེས་སྐུ་ནི་ཏིང་ངེ་འཛིན། །དེ་ལྟར་ཆུང་དུ་ལ་སོགས་དབྱེ་བ་རྣམས་ཀྱིས་སྣ་ཚོགས་གཙོ་བོའི་སྒྲུབ་པ་རྣམ་པ་གསུམ་དུ་འགྱུར། །ཕྱག་རྒྱ་གསུམ་ནི་རྣམ་གསུམ་འགྱུར་བའི་ [219B]རྣམས། །སོ་སོར་སྡུད་པའི་རྣལ་འབྱོར་པ་ནི་ཡུལ་དང་རྣམ་པར་བྲལ་ཞིང་སྔགས་རྣམས་ཀུན་གྱིས་བྱིན་གྱིས་བརླབས། །མི་ཡི་བདག་པོ་ བསམ་གཏན་སྦྱོར་བ་དག་པས་མངོན་པར་ཤེས་པ་ལྔ་རྣམས་ཐོབ་པར་འགྱུར་བའོ། །སྲོག་དང་རྩོལ་བ་དག་པས་རི་བོང་ཅན་ཉི་བྲལ་ནས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད་པར་བྱེད། ། འཛིན་པའི་སྟོབས་ཀྱིས་བདུད་དང་ཉོན་མོངས་ལ་སོགས་ཚོགས་རྣམས་རབ་ཏུ་བཅོམ་ནས་སྟོབས་བཅུར་ཞུགས་པའོ། །རྗེས་དྲན་རབ་ཏུ་དག་པས་དྲི་མ་མེད་པའི་འོད་ཀྱི་དཀྱིལ་འཁོར་དང་ནི་ཡེ་ ཤེས་གཟུགས་སུ་འགྱུར། །དེ་ནས་ཏིང་ངེ་འཛིན་གྱིས་དག་པས་ཅུང་ཟད་ཉིན་ཞག་རྣམས་ཀྱིས་ཡེ་ཤེས་སྐུ་ནི་འགྲུབ་པར་འགྱུར། །དང་པོར་རྒྱལ་བ་མ་ལུས་པ་ཡི་ལུས་ཉིད་སྔགས་པ་རྣམས་ཀྱིས་ དངོས་གྲུབ་དོན་དུ་ཡང་དག་བསྲུང། །ལུས་མེད་ན་ནི་དངོས་གྲུབ་མེད་དེ་བདེ་བ་དམ་པ་སྐྱེ་བ་འདི་ལ་ཐོབ་པ་ཡོད་པ་མིན། །དེ་ཕྱིར་ལུས་ཀྱི་དོན་དུ་ཉི་མ་སོ་སོའི་དུས་སུ་རྩ་ཡི་སྦྱོར་བ་བསྒོམ་པར་བྱ་བ་ ཡིན༑ ༑ལུས་གྲུབ་པས་ནི་དངོས་གྲུབ་གཞན་མ་སྲིད་གསུམ་གནས་སུ་མངག་གཞུག་ཉིད་དུ་རབ་ཏུ་འགྱུར་བའོ། །རྩ་དྲུག་འཁོར་ལོར་དགག་གསུངས་ལམ་ཉིད་རྣམ་གསུམ་འགྲོ་བ་ཟླ་བ་ཉི་མ་མེ་ ཡི་དབྱེ་བས་སོ། །དེ་དག་ལུས་ལ་སྲུང་བར་འགྱུར་བ་བླ་མའི་ངེས་པའི་དབང་གིས་སྲོག་ཆགས་གང་ལ་འཆི་སྟེར་བ། །དྲུག་རྣམས་སུ་ནི་གང་ཚེ་སྲོག་འཇུག་གྱུར་ནས་མི་རྣམས་ཉིད་ལ་རྒྱུན་དུ་འཆི་ [220A]༄༅། །བ་སྤོང་བར་ངེས། །ཕྲ་མོ་རུ་ནི་སྲོག་མི་འཇུག་ན་རྣལ་འབྱོར་པ་རྣམས་འཆི་བའི་ཡུལ་ཉིད་གང་གིས་གཅོད་པར་བྱེད། །ཉི་མ་ཟླ་བདག་ནི་དགག་ཅིང་མཉམ་དང་མི་མཉམ་ འགྲོ་བ་དབུ་མ་དང་ནི་དུས་མེར་གཞུག་སྲོག་དང་ཐུར་རྒྱུ་གཉིས་པོ་དག་ཏུ་ཉིན་ཞག་དང་བོ་སོང་བས་དུས་མིན་འཆི་བ་བླུ་བ་སྟེ་།སྲོག་གིས་ཀུན་ཏུ་གང་བར་བྱ་བ་ཉིད་ནི་ལག་རྐང་མཐེ་བོའི་ ཆིགས་དང་སེན་མཐར་བཅས་པར་རོ། །འཁོར་ལོ་དྲུག་ཏུ་སངས་རྒྱས་དང་ནི་ལྷ་མོ་མི་འཇིགས་ཕྱག་དང་པད་འཛིན་རྣལ་འབྱོར་བ་ཡིས་བསྒོམ། །གཡས་ལས་གཡོན་དང་གཡོན་ལས་གཡས་ སུ་སྐད་ཅིག་ཉིད་ལ་རྩ་ནི་རབ་ཏུ་རྒྱུ་བར་བྱ་བ་ནི། །མཆན་ཁུང་གཡས་དང་གཡོན་དང་ནུ་མར་ཡང་ནི་སྟོབས་ལྡན་བཅིར་ཏེ་སྲོག་ནི་འགོག་དང་བཅས་པ་ཡིས། །ཟླ་བ་ཕྱེད་ཀྱིས་ཀྱང་ནི་དུས་མིན་ འཆི་བ་སྟེར་ལས་འཇོམས་པ་རྣལ་འབྱོར་ལྡན་པའི་རྣལ་འབྱོར་གྱིས་།ཐུར་དུ་རྒྱུ་བ་ཀུན་ནས་བསྐུམ་པར་བྱེད་པར་གྱུར་ན་ལུས་མཆོག་རླུང་ནས་མ་ལུས་པ་རྣམས་འཇོམས། །སྲོག་སྡོམ་བད་ཀན་ལ་ ནི་ཡིན་ཏེ་སླར་ཡང་དེ་དག་རྣམ་པར་བཏང་བ་མཁྲིས་པའི་ནད་ལའོ། །སྟེང་དང་འོག་ནི་ཡང་དག་འགོག་པས་འདུས་པ་དང་ནི་རིམ་གྱིས་ནད་རྣམས་བདེ་བར་བྱེད་པ་སྟེ། །ལྟེ་བའི་འོག་ཏུ་སྲོག་རླུང་འགོག་ པ་ནད་རྣམས་མཐའ་དག་འཇོམས་ཏེ་ལྟེ་བའི་རྩ་བར་གཞན་མའོ་།ཐུར་རྒྱུའི་རླུང་ནི་རྣམ་གསུམ་ལམ་དུ་སོང་བས་ཀུན་ནས་བཅིངས་ཏེ་དེ་བཞིན་སྲོག་ཉིད་སྟེང་དུ་ཡང། །ཡང་དག་བསྡུ་བའི་ [220B]བྱས་པས་ན། །སྐྲན་དང་མཆིན་ནད་གཞད་ནད་རྣམས་དང་གཞན་ཡང་དམུ་ཆུ་ལ་སོགས་རྣམས་ལ་ཟླ་བའི་སྦྱོར་བས་འཇོམས། ། དབུགས་མི་བད་དང་གློ་ཡིན་ད་དང་རྣམ་པ་གསུམ་གྱི་དུག་དང་མིག་ནད་ལ་སོགས་རྣམས་ལ་ཡང། །ལག་པ་དག་ནི་འཆང་བར་བྱས་ལ་དང་པའི་པདྨ་མཉམ་པར་བྱས་ཏེ་སྲོག་རླུང་འགོག་པའོ། ། ཇི་སྲིད་ས་ལ་ལུས་པོ་མ་ལྷུང་བ་ཡི་བར་རམ་གཞན་ཡང་རིགས་རྣམས་བྲལ་གྱི་བར་དུ་སྟེ། །ཡང་དང་ཡང་དུ་ཏིང་ངེ་འཛིན་ལ་གནས་པས་འཆི་བའི་འཇིགས་བྱེད་ཚེར་མ་ཅན་ནི་ངེས་པར་འཇོམས། ། སྙིང་གའི་པདྨར་ཟླ་བའི་སྟེང་དུ་དྲི་མེད་རི་བོང་ཅན་ཉིད་ལྟ་བུའི་སྣ་ཚོགས་ཡུམ་བསྒོམ་བྱ། །ཤེས་རབ་དང་ནི་འདུས་བས་རང་གི་བྱང་སེམས་བབས་པ་རྒྱུན་དུ་སྲོག་རླུང་ཡང་དག་བཀག་པ་ཡིས། ། སྔགས་པ་རྣམས་ཀྱིས་ལོ་ཕྱེད་ཉིད་ཀྱིས་ལུས་ཀྱི་མཆོག་ལ་མཛེ་དཀར་འཇོམས་ན་གཞན་ལྟ་ཅི་ཞིག་སྨོས། །དེ་ལྟར་ལོ་གཉིས་རྫོགས་བས་བདུན་ཅུའི་ལོ་ལ་སྐྲ་དཀར་གཉེར་མར་བཅས་པའི་རྒས་པ་ ངེས་པར་འཇོམས། །དེ་ཡི་རྗེས་ལ་ཅུང་ཟད་ཉིན་ཞག་རྣམས་ཀྱིས་ལམ་སེམས་རབ་ཏུ་འདེས་པས་ཕྱག་རྒྱའི་དངོས་གྲུབ་འགྱུར། །རྐང་པ་དག་ནི་རྡོ་རྗེའི་སྐྱིལ་ཀྲུང་གནས་ལས་ལག་པའི་པདྨས་བཟུང་ བས་རྒྱབ་ཀྱི་ཟུག་རྡུ་འཇོམས། །སྟེང་དུ་རྐང་བདག་དང་མགོ་བོ་འོག་ཏུ་བྱས་ན་བད་ཀན་ནད་རྣམས་མཐའ་དག་རྣམ་པར་འཇོམས། །རབ་ཏུ་འཛག་ལ་ཉིན་ཞག་ཅུང་ཟད་རྣམས་སུ་སྲོག་ཉིད་བཀག་ན་ [221A]༄༅། །གཅིན་ནད་ངེས་པར་འཇོམས་པར་བྱེད། །ཐོ་རངས་ཆུ་བྲལ་ཁ་ཉིད་སྲིན་ལག་གིས་ནི་སོ་རྣམས་རིམ་པར་རབ་ཏུ་གསལ་བར་བརྡར་བ་ཡིས། །མིག་གི་མིག་སྨན་འགྱུར་ ཏེ་ཆུ་ཡིས་གཏོར་བ་ཡིས་ཀྱང་མིག་གི་སྡུག་བསྔལ་འཇོམས་པར་བྱེད་པའོ། །གན་རྐྱལ་ཉལ་ནས་ལྟེ་བར་ལག་པའི་པདྨ་བཟུང་བ་དག་ནི་མ་ཞུ་བ་ཡི་ཟུག་རྡུ་འཇོམས། །སྐྲངས་ འབུར་བྱུང་བ་རྣམས་ལ་ངེས་པར་ཚྭ་དང་མར་བཅས་རྣམས་ཀྱིས་བདུག་ན་འཕེལ་བ་འཇིགས་པར་བྱེད། །ཨརྐའི་འོ་མས་རབ་ཏུ་བྱུགས་པས་ཀྱང་སྟེ་ཅུང་ཟད་སོ་ཡི་སྲིན་བུ་ཟུག་རྡུར་ བཅས་པ་ལ། །སྟག་ཤིང་ས་བོན་གྱི་ནི་དུ་བ་ལ་སོགས་སྦུ་གུ་ཡིས་ནི་བདུག་ན་སྲིན་སོགས་འཇོམས་པར་བྱེད། །མི་བསྐྱོད་པ་ནི་ཅུང་ཟད་དྲོ་བས་ཁ་ཡི་ནད་དང་སོ་ཡི་ཟུག་རྡུ་དང་ བཅས་ཞི་བར་བྱེད། །ཐོ་རངས་མི་བསྐྱོད་སྣ་ཡིས་འཐུངས་ན་མགོ་བོའི་སྡུག་བསྔལ་འཇོམས་ཏེ་སྣ་ཡི་ཆུ་ཡང་དེ་བཞིན་ནོ། །རྣ་བ་དང་ནི་མིག་ཏུ་མི་བསྐྱོད་དྲོ་དང་གྲང་མོ་བླུགས་པས་ གཉིས་ཀའི་སྡུག་བསྔལ་རབ་ཏུ་འཇོམས། །འབྱུང་བོས་བཟུང་ལ་མི་བསྐྱོད་ཆེ་[?]བ་གསུམ་ལྡན་སྣ་རུ་བླུགས་ན་བདེ་སྟེར་སོས་བཏབ་པ་ལ་ཡང། །ལན་ཚྭ་དང་ནི་སྐྱུར་པ་ཡིས་ནི་རླུང་རྣམས་ འཇོམས་པར་འགྱུར་ཏེ་མདར་དང་བས་བ་མཁྲིས་པའི་དགྲ། །ཁ་བ་མ་ལུས་པ་དང་ཚ་བ་གསུམ་གྱིས་དེ་བཞིན་སྨན་རྣམས་བཅུད་ཀྱིས་བད་ཀ་ན་འཇོམས་པར་བྱེད། །ར་ཡི་འོ་མ་ཚ་བ་གསུམ་ [221B]དགྲ། །རྔ་མོའི་འོ་མ་རླུང་འཇོམས་པ་སྟེ་བ་ཡི་འོ་མ་མར་གྱིས་སྡུག་བསྔལ་རྣམ་གསུམ་འཇོམས་པའོ། །ཛ་ཏི་བསྐོལ་བའི་ཚུ་ནི་ དྲོན་པོས་ཁ་ནད་ཞི་སྟེ་སོ་ཡི་ཟུག་རྡུ་མི་བཟོད་པ་ཡང་ངོ། །མར་ཁུ་དང་ནི་དངོས་པོའི་ཆུ་བསྐོལ་ཚ་བ་གསུམ་དང་ཚྭ་ཡིས་རྣ་བའི་ནད་རྣམས་འཇོམས་པའོ། །མར་དང་འོམ་བསྐོལ་བར་ཨ་ཧི་ ནི་དང་དམར་པོ་རྣམ་པར་བླུགས་པས་སྣ་ཡི་ནད་རྣམས་འཇིག་ཀརྐོ་ཊི་དང་ཐོད་པ་ཨིནྡྲ་བོང་བུའི་ཆུར་བཅས་འབྲས་དང་ཤ་རོ་དག་ལ་བྱུགས་པས་འཇོམས། །བཤད་བ་གཅི་བ་ཁྲག་ དང་ཁུ་བ་མི་ཤར་བཅས་རྣམས་ཟེས་པས་ཚེ་ནི་སྟེར་བར་འགྱུར་བའོ། །བསམ་གཏན་དང་བཅས་མེ་ཏོག་སྣས་འཐུངས་པ་ཡིས་རྒས་པའི་ཡན་ལག་སྐྲ་དཀར་གཉེར་མ་ལ་སོགས་འཇོམས། ། མར་མེ་ལྔ་དང་སྒྲང་བུའི་སྐྱུག་པ་བསྲེས་པ་ཟོས་པ་ཡིས་ནི་སྡུག་བསྔལ་མཐའ་དག་འཇོམས་པར་འགྱུར། །བུད་མེད་མེ་ཏོག་ཁུ་བ་ཉིད་དང་བསྲེས་པ་ལོ་གཅིག་ཟོས་པ་ཡིས་ནི་རྒས་པ་ འཇོམས་པའོ། །ཀརྐོ་ཊི་དང་དེ་པ་དཱ་ལི་ཚ་བ་གསུམ་དང་བྲི་ཧ་ཏི་དང་ནིམ་པ་ཏིགྟ་རྣམས། །བསྐོལ་བའི་ཁུ་བ་ཉིན་ཞག་གསུམ་འཐུངས་པ་ཡིས་འཇུ་བར་འགྱུར་ཏེ་དྭངས་པའི་བར་དུ་སྨྱུང་བར་བྱ། །དེ་ བཞིན་ཟླ་བའི་ཆུ་ལ་སོགས་པ་མི་ཡི་ཆུ་དང་དུག་ཆུ་རྡོ་ཆུ་བྷལླཱ་ཏ་ཡི་ཆུ། །དྲི་ངན་རི་བོང་ས་རྡོ་གཞན་ཡང་ལོ་མ་ལ་སོགས་ལྟོ་བ་ལ་བསྡགས་སྔགས་པས་བརྟག་པར་བྱ། །སོ་སོར་སྡུད་སོགས་རྣམས་ [222A]༄༅། །ཀྱིས་སྔགས་བ་རྣམས་ཀྱི་འདོད་པའི་དངོས་གྲུབ་གལ་ཏེ་ཐོབ་བར་མ་གྱུར་ན། །སྒྲ་ཙམ་གོམས་པ་རྡོ་རྗེ་ནོར་བུའི་ཐིག་ལེ་ཆུ་སྐྱེས་འགྲོ་བའི་སྟོབས་ཀྱིས་བཟུང་སྟེ་ བསྒྲུབ་པར་བྱ། །མི་མཆོག་གང་ཞིག་རྣམས་ཀྱི་སྙིང་གའི་གནས་སུ་གྱུར་དང་སྒྲ་ནི་རྣ་བའི་བུག་པར་ཐོས་བྱེད་པ། །དེ་ལ་མི་རྣམས་སེམས་ཉིད་ཡང་དག་རོ་མཉམ་གཅིག་ཏུ་གྱུར་པའི་ སྦྱོར་བས་འབྱུང་བར་འགྱུར་བ་སྟེ། །འཇིག་རྟེན་རྣམས་སུ་གསོན་པོས་སྒྲ་རྣམས་གང་ཞིག་སྨྲས་བ་ཐོབ་བ་དང་སྟེ་ཁྱབ་བདག་རྣམ་ཤེས་ཀྱིས། །རྣམ་པར་ཤེས་པ་རིང་བོར་གནས་པ་ཡང་ནི་ རྣལ་འབྱོར་པ་ཡིས་བསྒོམ་པར་བྱ་སྟེ་ཁྱབ་བདག་གིས། །སྐྱིལ་ཀྲུང་བཅིངས་བར་བྱས་ཏེ་ཁ་ཕྱེ་བ་དང་སོ་རྣམས་ཕན་ཚུན་དུ་ནི་རེག་པ་མིན་པ་དང། །བདུད་རྩི་ལྡན་བྱས་ནས་ནི་ཕྱི་རོལ་རླུང་རྣམས་ བཀུག་སྟེ་ལྟེ་བའི་དབུས་སུ་རབ་ཏུ་གཞུག་བྱས་ནས། །མཆོག་གི་ལུས་ལ་ཡང་དག་གདུང་བ་དང་ནི་ལྟོགས་དང་སྐོམ་དང་དུག་རྣམས་ངེས་པར་ཡང་དག་འཇོམས། །དཔྲལ་བར་ཐིག་ལེ་དཀར་ པོ་དབྱངས་ཀྱིས་ཡོངས་སུ་བསྐོར་བ་བསམས་ནས་བདུད་རྩི་རྣམས་ནི་འཛག་པར་བྱེད། །ཁ་བཙུམ་པ་རུ་བྱས་ནས་ཕྱིར་སོང་དག་གི་རླུང་རྣམས་མཐའ་དག་སྣ་ཡི་བུ་ག་གཉིས་ནས་ནི། ། སྲོག་ཉིད་སྟོབས་ཀྱིས་མགྱོགས་པར་རབ་བཀུག་དྲི་མེད་གློག་མཚུངས་ཐུར་རྒྱུའི་རླུང་དང་ཡང་དག་སྦྲད་དེ་གཟུང། །རྣལ་འབྱོར་གོམས་པའི་དུས་སུ་ཟླ་བ་ཉི་མ་དག་ནི་མེ་ཡི་དབུས་སུ་ [222B] །ལུས་ལ་ཟས་ལ་སོགས་པའི་བཀྲེས་བ་དང་ནི་སྐོམ་པ་འཇོམས་ཤིང་འཆི་བ་མེད་པ་སྟེར་བར་བྱེད། །དབུས་སུ་སྲོག་གཞུག་པ་ནི་ཉི་མ་དང་བཅས་ཟླ་བར་གྱུར་བ་གཡས་ དང་གཡོན་པ་བཅིང་བ་དང། །ཕྱག་རྒྱ་དང་ནི་སྦྱོར་བའི་སེམས་ཀྱིས་མཆོག་ཏུ་བདེ་བར་གྱུར་པ་རྡོ་རྗེ་ཡང་དག་སད་པ་དང། །བདེ་བད་མ་བའི་དོན་དུ་པདྨར་རྡོ་རྗེ་བསྐྱོད་དམ་རང་གི་ལག་པའི་པདྨས་གསོར་ བ་ཡིས༑ ༑ས་བོན་མ་བཏང་བདེ་བ་དེ་ནི་འཆི་བའི་འཇིགས་པ་འཇོམས་པ་དཔལ་ལྡན་བླ་མའི་ཞལ་ཉིད་དོ། །སྣང་བ་ལ་གནས་གཞན་དུ་ཕྱོགས་ཏེ་ཉི་འོད་ལ་གནས་རང་གི་གྲིབ་མའི་ཕྱོགས་སུ་ལྟ་ བས་བལྟ། །ཕྱི་ནས་ནམ་མཁའ་དག་ལ་མངོན་པར་བལྟས་པ་ལས་ནི་སྐྱེས་བུ་རོམ་ཉམ་དུ་བའི་མདོག་སོགས་མཐོང། །རྣལ་འབྱོར་ཟླ་དྲུག་གོམས་པས་ས་ལ་གནས་པའི་གཏེར་ནི་ས་ཡི་བུག་ བ་རྣམས་ནས་མཐོང་བར་འགྱུར། །ཡང་ན་ལྗོན་ཤིང་གྲིབ་མ་ལས་ནི་རབ་ཏུ་ཞུགས་ནས་ནམ་མཁའི་མཐིལ་དུ་ཐིག་ལེའི་ཕྲེང་བ་བསྒོམ་།སྲོག་གི་ནུས་པ་གང་ཞིག་ལྟེ་བའི་དབུས་གནས་བཅུད་ གཉིས་མཐའ་དང་ཆ་ཡི་མཐའ་ཡི་གནས་གཞན་འགྲོ། །དེ་ནི་ལྟེ་བའི་གནས་ནས་དྲི་མེད་གློག་དང་མཚུངས་པ་དབྱུག་པའི་གཟུགས་ཀྱིས་ཡང་དག་ལངས་ནས་ནི། །འཁོར་ལོ་ལས་ནི་འཁོར་ལོའི་ མཐའ་རུ་ངེས་པར་དལ་བར་མཛེས་པར་འགྲོ་བ་དབུས་མའི་རྩར་སོང་ནས། །ཇི་སྲིད་སྟོབས་ཀྱིས་སྦྱི་གཙུག་ཕྱེ་ནས་ཕྱི་ཡི་པགས་པ་འབུགས་པར་བྱེད་པ་ཁབ་ཉིད་བཞིན་དུ་སྟེ། །དུས་དེར་རྩོལ་བ་ [223A]༄༅། །དང་བཅས་མཆོག་གི་སྟོབས་ཀྱིས་སྟེང་གི་ལམ་དུ་ཡང་དག་ཕུལ་བར་བྱས་པ་ཡིས། །སྤྱི་གཙུག་ངེས་པར་ཕུག་ནས་ཟུང་གི་རླུང་རྣམས་འགགས་ཏེ་གཞན་གྱི་ལུས་ ལ་འགྲོ་བར་འགྱུར་བ་ནི། །དེ་ཉིད་རྡོ་རྗེའི་མཐུ་ཡིས་ཡིད་ཀྱི་སྤྱོད་ཡུལ་དེ་ལྟར་མཁའ་ལ་སྤྱོད་པ་ཉིད་དུ་འགྱུར་བ་དང། །གཞན་ཡང་རྣལ་འབྱོར་པས་ནི་མངོན་ཤེས་ལྔ་ཡི་རང་བཞིན་ཉིད་ལ་ སྣ་ཚོགས་ཡུམ་དུ་བརྗོད་པའོ། །ཕྱག་རྒྱ་སྒྱུ་མའི་རྗེས་སུ་མཐུན་པ་ནམ་མཁར་སེམས་ཉིད་མེ་ལོང་ནང་གི་གཟུགས་བརྙན་བཞིན་དུ་སྟེ་།དྲི་མེད་གློག་དང་མཚུངས་པའི་འོད་ཟེར་དུ་མ་ འཕྲོ་བར་བྱེད་པས་འཇིག་རྟེན་གསུམ་རྣམས་སྣང་གྱུར་པ། །ཕྱི་དང་ལུས་རྣམས་ལ་ནི་ཐ་དད་མེད་བར་ཡུལ་དང་བྲལ་བའི་སྣང་བ་ཙམ་ན་ནི་མ་མཁར་གནས། །འགྲོ་བ་དུ་མའི་སེམས་ཀྱི་ གཟུགས་ལ་སེམས་ཉིད་ཀྱིས་ནི་འཁྱུད་པར་བྱེད་པ་དེ་དག་གཅིག་པའོ་།ལས་ཀྱི་ཕྱག་རྒྱ་དྲི་མ་དང་བཅས་སེམས་ཀྱི་གཡེང་བྱེད་ཡེ་ཤེས་ཕྱག་རྒྱ་རྣམ་པར་རྟོག་ཡིན་པས། །ཡང་དག་སྤངས་ ཏེ་རྫོགས་པའི་བྱང་ཆུབ་རྒྱུར་ནི་རྒྱལ་མཆོག་སྐྱེད་བྱེད་ཕྱག་རྒྱ་བཟང་མོ་བསྒོམ་པ་ནི། །གོས་པ་མེད་ཅིང་མི་འགྱུར་མུན་འཇོམས་ཀུན་ལ་ཁྱབ་པའི་མཁའ་མཚུངས་རྣལ་འབྱོར་པ་ཡིས་བགྲོད་ བྱ་བ༑ ༑ལུས་ལ་གནས་པའི་ཡེ་ཤེས་གཟི་བརྗིད་སྲིད་པའི་དྲི་མ་འཇོམས་པ་དུས་ཀྱི་འཁོར་ལོ་རྗེས་སུ་བསྒོམ། །རྡུལ་ཕྲན་དངོས་བོ་མེད་ན་རྣམ་ཤེས་ཉིད་དེ་དེ་བཞིན་སྲིད་གསུམ་མེད་ན་ [223B] །སངས་རྒྱས་ཉིད་ལ་ཤེས་པ་ཅུང་ཟད་ཡོད་པ་མིན་ཞེས་ཚིག་ནི་སྟོན་འགྱུར་སངས་རྒྱས་པ་རྣམས་ཏེ། །མི་རྣམས་གང་གིས་འགྱུར་མེད་བྲལ་བའི་སྟོང་བ་དེ་ཉིད་བཟུང་བ་དེ་ ནི་སྟེང་བར་མི་འགྱུར་བས། །དེ་ཕྱིར་གཙོ་བོས་འཛག་མེད་གང་ཞིག་ལྷན་ཅིག་སྐྱེས་པའི་སྐུ་ཡི་བདེ་བར་སྔགས་ཀྱི་ཐེག་པར་གསུངས་།བླ་མའི་ངེས་པའི་དབང་གིས་སྟོང་པར་དུ་བ་ལ་སོགས་ གཟུགས་བརྙན་ལམ་ནི་བསྒོམ་པར་བྱ་བ་འོ། །དེ་ནས་རྩ་ཡི་འཁོར་ལོ་རྣམས་སུ་སྲོག་དང་ཐུར་རྒྱུའི་རླུང་རྣམས་ཡང་ནི་བརྟན་པར་དག་ཀྱང་བྱ། །གཞན་ཡང་ཟླ་བ་གཟའ་ཡིས་འགོག་པར་ བྱེད་པ་བཞིན་དུ་བྱང་ཆུབ་སེམས་ཀྱང་རྣལ་འབྱོར་པ་ཡིས་ཏེ་།གང་ཞིག་དེ་ལས་ཁྱད་པར་འདོད་པ་ཡིན་ཏེ་ཅུང་ཟད་ཉིན་ཞག་རྣམས་ཀྱི་སྐྱེ་བ་འདི་རུ་ཐོབ། །དང་པོར་དཔལ་ལྡན་དུས་ཀྱི་ འཁོར་ལོ་དང་ནི་སྲིད་གསུམ་སྐྱེད་མཛད་འབད་པས་བསྒྲུབས་པར་བྱས་པ་དང། །ཕྱི་ནས་ས་སྟེང་གནས་སུ་གྱུར་པར་ཞི་བ་ལ་སོགས་ལས་རྣམས་གང་ཞིག་བསྒྲུབ་པར་བྱ་བ་སྟེ། །ཕ་དང་ མ་དག་བྲལ་བའི་བུ་ཉིད་འགྲུབ་པར་མི་འགྱུར་བ་ནི་འཇིག་རྟེན་པ་རྣམས་ཀུན་ལ་གྲགས། །དེ་ཕྱིར་བདེ་མཉམ་འབྲས་བུ་སྟེར་བ་གཉིས་བོ་བསྒྲུབ་པར་བྱ་སྟེ་གཞན་དུ་ལས་རྣམས་འགྲུབ་པ་ ཡིན༑ ༑སྲོག་རྩོལ་རབ་ཏུ་བྱ་བ་སྙིང་ག་དང་ནི་མགོ་བོ་དེ་བཞིན་ཇི་སྲིད་མེར་འགྱུར་བར་དུ་སྟེ། །དེ་སྟེང་སྟོབས་ཀྱིས་རྩོལ་བ་མི་བྱ་བྱས་ནས་བཟང་པོའི་པདྨར་ཤིན་ཏུ་རྒྱལ་བར་གྱུར་ནས་ཀྱང། ། [224A]༄༅། །སྤྱི་གཙུག་དབྱེ་བ་བྱས་ནས་ཕུང་པོ་དང་ནི་ཁམས་རྣམས་རྣམ་པར་སྤངས་ཏེ་ཤི་བར་གྱུར་པ་ན། །ཕྱག་རྒྱའི་སྦྱོར་བ་ཞིག་པས་སྐྱེས་བུ་རྣམས་ལ་ཚེ་འདིར་ བདེ་མཉམ་འབྲས་བུ་དག་ནི་སྟེར་བ་མ་ནི། །ཉིན་མཚན་དུས་སུ་ཕྱག་རྒྱ་བསྟེན་པ་བསྒོམ་པའི་[?]དུ་བཤད་ཀྱི་འདོད་ཆགས་ཟད་བའི་དོན་དུ་མིན། །ཆང་ནི་སྔགས་པ་རྣམས་ཀྱི་གསུང་གི་རྡོ་རྗེ་ ཚིམ་པའི་དོན་དུ་གསུངས་ཀྱི་ངེས་པར་འཐུང་དོན་མིན། །ཉིན་ཞག་སོ་སོའི་དུས་སུ་བཟའ་བ་ཐམས་ཅད་བདེ་བའི་དོན་དུ་གསུངས་ཀྱི་མི་འཇུའི་རྒྱུར་མ་གསུངས། །དཔལ་ལྡན་དུར་ཁྲོད་མཚན་མོ་ བསྐོར་ཞིང་སྤྱོད་པ་བྱེད་པ་དངོས་གྲུབ་དོན་དུ་ཡིན་ཏེ་རྩེ་དོན་མིན། །བསྙེན་པར་དང་པོའི་རྣལ་འབྱོར་པ་ཡིས་ནམ་མཁར་རྣམ་བཅུ་འཁོར་ལོ་ཅན་གྱི་ཁྲོ་བོའི་ལྟ་སྟངས་ཀྱིས། །ཉེ་བར་བསྒྲུབ་ལ་ བགེགས་མཐར་བྱེད་ཀྱི་ལྟ་སྟངས་ཀྱིས་ནི་བདུད་རྩིའི་གནས་སུ་གྱུར་དང་ཡན་ལག་དྲུག་ཤེས་རབ་ལས་སྐྱེས་ཟླ་བའི་ཐིག་ལེ་ཡིས་ཀྱང་རྡོ་རྗེ་ནོར་བུའི་འགྱུར་མེད་གསུམ་ནི་བསྒྲུབ་པར་བྱ། ། བདེ་བ་མི་འཛག་རྩེ་གཅིག་ཞི་བ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྦྱོར་འདི་སྒྲུབ་པ་ཆེན་པོའོ། །རྣལ་འབྱོར་པ་ཡིས་སྲོག་གཅོད་པ་སྟེ་སྲོག་རླུང་ཉིན་མཆན་འཇིག་པར་བྱེད་བ་དེ་ལ་གསུངས་ པའོ༑ ༑གང་ཞིག་ཞལ་གྱི་སྒྲ་རྣམས་སེམས་ལ་རབ་འཇུག་འགྱུར་བ་དེ་ནི་བརྫུན་དུ་སྨྲ་བའི་ཚིག་ཉིད་དོ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་པ་ཉིད་བསྒྲུབས་པ་དག་ཀྱང་རྣལ་འབྱོར་པ་ [224B] །བདེ་བའི་ཐེག་ལེ་མ་ལྷུང་བ་རུ་གྱུར་པ་གཞན་གྱི་བུད་མེད་བསྟེན་ནོ་འདོད་ཆགས་མ་བྲལ་བས་།སྲོག་བསྡུས་པ་ཡི་མེ་ཡིས་རི་བོང་ཅན་ལས་ཞུ་བའི་ལྟུང་བ་ རྣམས་ནི་ཆང་གི་བཏུང་བའོ། །མཐེ་བོའི་ཚིགས་ནས་གཙུག་ཏོར་བར་ལ་ཚེས་ཀྱི་དབང་ལས་ཉ་ཡི་མཐར་ནི་རང་སེམས་འགྲོ་བ་དང་།སླར་ཡང་སྤྱི་གཙུག་ནས་ནི་སོར་མོ་རྣམས་ལ་ནག་པོའི་ ཕྱོགས་ཀྱི་མཐའ་རུ་འདི་ཉིད་འགྲོ་བ་སྟེ། །གང་ཞིག་སྤྱོད་པའི་རྣལ་འབྱོར་དེ་ལ་ངེས་པར་ཉིན་མཚན་སོ་སོའི་དུས་སུ་འདོད་པའི་དངོས་གྲུབ་སྟེར། །སེམས་དང་འདོད་དང་ཡན་ལག་ཚ་དང་ པདྨའི་ཞལ་མཆོག་རབ་ཏུ་བསྐམས་དང་ཟས་མི་ཞིམ་པ་དང། །འདར་བ་དང་སྟེ་སྨྱོ་དང་རྨོངས་པར་གྱུར་དང་ཡིད་ནི་རྣམ་པར་འཁྲུལ་དང་རབ་ཏུ་བརྒྱལ་བ་ལྟར། །རྡོ་རྗེ་ཅན་གྱི་དུ་བ་ལ་སོགས་ རྣམ་བཅུ་པོ་རྣམས་རབ་གསལ་སྲོག་ཆགས་ལུས་ཀྱི་གནས་སྐབས་ཏེ་།འཇིག་རྟེན་དུ་ནི་དེ་རྣམས་ཡིད་བསྲུབས་པ་ལས་རྒྱལ་བ་གང་དང་གང་འདོད་ངེས་པར་རབ་ཏུ་འབྱུང། །གང་ཞིག་ཐིག་ ལེ་དཀར་པོའི་རྒྱུན་རྣམས་ཉིན་མཚན་དག་ལ་འབབ་པ་ཆང་སྟེ་ཆང་གཞན་ཅུང་ཟད་མིན། །རིག་[?]ལ་སོགས་པ་ཉིན་མཚན་སོ་སོར་སྒྲོ་བ་ཤ་སྟེ་གོ་ཀུ་ལ་སོགས་ཤ་གཞན་ཅུང་ཟད་མིན། ། བསྙེན་པ་དག་ལ་རང་རིག་པ་ནས་ལྷ་རྣམས་དག་པའི་སྐུ་ནི་བདུད་རྩི་ལྔ་རྣམས་བསྟེན་པའོ། །སྟོང་[?]བར་སེམས་ནི་ཞུགས་པས་རོ་མཉམ་བདེ་བས་ཁྱབ་པ་འཁྲིག་པ་ཡིན་ཏེ་སྐྱེ་གནས་ལ་ [225A]༄༅། །མ་ཡིན༑ ༑ནོར་རྣམས་སྤངས་པ་སྦྱིན་པ་ཡིན་ཏེ་བུད་མེད་དང་ནི་འདུས་ཀྱང་སེམས་མི་འཛག་པ་ཚུལ་ཁྲིམས་སོ། །སྒྲ་སོགས་སེམས་མི་འཇུག་པ་བཟོད་པ་ཡིན་ཏེ་གཉིས་ སུ་འགྲོ་བའི་རླུང་འཇིག་པ་ནི་བརྩོན་འགྲུས་སོ། །ལྷན་ཅིག་སྐྱེས་བདེར་གྱུར་དང་འགྲོ་ཀུན་སེམས་དང་ཐམས་ཅད་སྐད་ཤེས་པ་དག་བསམ་གཏན་ཤེས་རབ་སྟེ། །དེ་ལས་སེམས་ཅན་ དོན་དང་རྫུ་འཕྲུལ་སྲིད་འཇོམས་པ་དང་སྐྱེ་མེད་ཐོབ་པ་གཞན་མ་བཞི་རྣམས་སོ། །གཅིག་ལ་སོགས་པ་ཞལ་མཐའ་ཡས་དང་ཕྱག་དང་ཞབས་དང་ཁ་དོག་རྣམས་ནི་དུ་མ་མུན་པའི་ མཐའ༑ ༑ཐབས་དང་ཤེས་རབ་བདག་ཉིད་དག་དང་ཟླ་བ་ཉི་མའི་རྩ་ནི་འགོག་པས་བདེ་མཉམ་འབྲས་སྟེར་བྱེད། །ཀུན་ནས་དྲི་མེད་ནོར་བུ་དང་མཚུངས་ཁྱབ་བྱེད་ས་ལ་སོགས་པ་རྣམས་ ལ་སྟོང་པ་གཅིག་བུ་ཡིས། །ཐོག་མ་མེད་ཅིང་མཐའ་མེད་དབུས་མེད་པ་ཡི་ཡུལ་མེད་ཡུལ་ནི་སྒྲུབ་པ་དུས་ཀྱི་འཁོར་ལོ་འོ། །ས་ནི་ཆུ་ལ་འཇུག་འགྱུར་ཆུ་ཡང་དེ་བཞིན་མེ་ལ་མེ་ནི་རླུང་ ལ་འཇུག་པར་འགྱུར་བ་འོ། །རླུང་ནི་སྟོང་པ་ལ་སྟེ་སྟོང་པ་མཚན་མ་རྣམ་པ་བཅུར་འགྱུར་མཚན་མ་རྣམ་པ་ཀུན་ལྡན་དུ། །རྣམ་པ་ཀུན་ལྡན་མི་འགྱུར་བདེ་བ་དམ་པ་གཞོམ་དུ་མེད་པ་ ཡེ་ཤེས་སྐུ་རུ་འགྱུར་བ་འོ། །མི་ཡི་བདག་པོ་ཡེ་ཤེས་ལས་ནི་རྫུ་འཕྲུལ་དངོས་གྲུབ་འགྱུར་རོ་སྐྱེས་བུ་རྣམས་ཀྱི་སྐྱེ་བ་འདིར། །ནམ་མཁར་ཆགས་པའི་སེམས་ཀྱིས་མིག་མི་འཛུན་ [225B] །སྟོང་པ་ལས་ནི་དུ་བ་སྨིག་རྒྱུ་སྲིན་བུ་མེ་ཁྱེར་མར་མེ་དྲི་མེད་རབ་ཏུ་གསལ་བ་ཉིད། །ཆུ་འཛིན་བྲལ་བའི་མཁའ་ལ་སྣང་བ་རྣལ་འབྱོར་རྩེ་ གཅིག་གནས་པས་ཁོངས་པའི་ལྟ་བས་བལྟ་བར་བྱ། །འབར་བ་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་ཆ་དང་གཞན་ཡང་ཐིག་ལེ་ཉིད་རྣམས་སོ། །དེ་དབུས་སངས་རྒྱས་སྐུ་ནི་ཡུལ་དང་ རྣམ་པར་བྲལ་བ་སྤྲུལ་དང་ལོངས་སྤྱོད་རྫོགས་སྐུ་དུ་མ་འོ། །ཇི་སྲིད་ངེས་པར་རི་མོ་ནག་པོ་དྲི་མེད་འོད་ཟེར་འཕོར་བ་དུས་ཀྱི་རྩ་ལ་མཐོང་གི་བར། །དེ་ལ་ཐམས་ཅད་མཁྱེན་པའི་སྐུ་ནི་ཆུ་ནང་ ཉི་མ་རྙོག་བྲལ་བ་ཞིན་དུ་བརྗོད་མེད་སྣ་ཚོགས་མདོག་ཡུལ་དང་རྣམ་པར་བྲལ་བའི་རྣམ་པ་མ་ལུས་རང་གི་སེམས་ཏེ་གཞན་གྱི་སེམས་ཉིད་མ་ཡིན་ནོ། །ས་ཡི་རྣམ་པར་སྣང་ཡང་ སྲ་མིན་ཆུ་[?]ཡི་གཟུགས་སུ་སྣང་ཡང་ཆུ་མིན་གཤེར་པ་མེད་པའི་ཕྱིར། །མེ་ཡི་རྣམ་པར་སྣང་ཡང་མེ་མིན་རླུང་གི་གཟུགས་སུ་སྣང་ཡང་གཡོ་བ་མེད་པས་རླུང་མ་ཡིན། །སྟོང་པའི་རྣམ་པ་ ཡིན་ཡང་མཐོང་སྟེ་དཀར་དང་སྔོ་བ་ལ་སོགས་སྣ་ཚོགས་མཐོང་ཡང་ཁ་དོག་མིན། །རྣམ་པ་ཀུན་ལྡན་ཡིན་ཡང་མི་མཐོང་རང་སེམས་དྲི་མ་ཉོན་མོངས་དང་ནི་བདུད་ཀྱི་མཐུ་སྟོབས་ཀྱིས། ། རྣལ་འབྱོར་དབང་པོ་རབ་ཏུ་གཡོ་བའི་ཡིད་ལྡན་གལ་ཏེ་སྦྱོར་བ་མ་ཐོབ་འཆི་བར་འགྱུར་བ་ན། །དཔལ་ལྡན་མི་ཡི་འཇིག་རྟེན་དུ་ནི་རབ་མཆོག་ཐུབ་པའི་རིགས་སུ་རྣལ་འབྱོར་ལྡན་པ་ [226A]༄༅། །སྐྱེ་བར་འགྱུར། །དེ་ཡིས་སྔོན་དུ་གོམས་པས་སླར་ཡང་ཡེ་ཤེས་རྣལ་འབྱོར་མཆོག་ཏུ་རྒྱ་ཆེན་ཉམས་སུ་ལེན་པར་འགྱུར། །ཡེ་ཤེས་ཐོབ་པར་གྱུར་ནས་མི་བཟད་ མཆོག་གི་གནས་ཏེ་སླར་ཡང་གང་དུའང་སྐྱེ་བ་མ་ཡིན་ནོ། །སངས་རྒྱས་ཞིང་དུ་གྱུར་པ་སྲིད་གསུམ་མ་ལུས་སྐྱེད་པར་བྱེད་པའི་ལས་དང་བྲལ་བ་ལ་གནས་པ། །སངས་རྒྱས་རྣམས་དང་ དག་པའི་རྡུལ་ཕྲན་རོ་མཉམ་པ་སྟེ་བྱང་ཆུབ་སེམས་ཉིད་རྟག་ཏུ་བཅིངས་པའོ། །རྡོ་རྗེའི་སྲས་ཏེ་སོ་སོ་རེ་རེའི་རྡུལ་ཕྲན་རྣམས་ཀྱི་གཉི་གའི་རིགས་ཀྱི་དབང་ལས་བཅིངས་པ་ལས།། ས་སོགས་ནམ་མཁའི་མཐར་ཐུག་རྡུལ་ཕྲན་མ་ལུས་རིགས་རྣམས་མི་གཡོ་བ་ལ་སོགས་པ་རབ་ཏུ་ཞུགས། །དེ་རྣམས་ཀྱི་ནི་ལྷན་ཅིག་རྡོ་རྗེ་སེམས་དཔའ་ནམ་མཁར་ཞུགས་ཏེ་ འཆགས་པའི་དུས་ཀྱི་བར་དུའོ། །གཙུག་ཏོར་སྙིང་ཁའི་ཕྱོགས་དང་མགྲིན་པ་དང་ནི་མགོར་གྱུར་པ་དང་ལྟེ་བ་གསང་བའི་འཁོར་ལོ་རྣམས། །འཁོར་ལོ་རྩིབས་བརྒྱད་སྟེང་འོག་ཉིན་ མཚན་སོ་སོའི་ཆུ་སྲིན་ནས་བརྩམས་དུས་སྦྱོར་གཉིས་གཉིས་བར་དུ་འོ། །ནུས་མ་དང་ནི་སངས་རྒྱས་གཙོ་མོར་[?]བྱས་པ་ཉི་མ་ཟླ་བའི་དབྱེ་བ་རིགས་ལྡན་བསླུ་བ་སྟེ། །དེ་ཡང་ཉི་མའི་ གནས་ནས་ལུས་ལས་སྐྱེས་པའི་སྲིན་བུ་མི་དང་འབྱུང་བོ་ལྷ་དང་ལྷ་མིན་རྣམས། །ཐབས་དང་ཤེས་རབ་ཡི་གེ་དག་ནི་གཉིས་ཀའི་རིགས་ཀྱི་དབང་ལས་མཁའ་འགྲོ་མ་དང་མཁའ་འགྲོའི་ [226B] །བཟླས་པ་རྡོ་རྗེ་གསུམ་དང་རྐང་པ་གཞན་པ་ལ་སྟེ་ཐོག་མ་དང་ནི་དབུས་དང་ཐ་མར་བྱེད། །གང་གི་ཕྱིར་ན་སྲོག་གིས་བྱིན་བརླབས་གཉིས་ཀར་བགྲོད་པའི་དབང་ལས་རང་རང་ལས་ཀྱི་རྗེས་ མཐུན་པ། །མྱུར་དུ་འགྲུབ་པར་འགྱུར་བ་རོ་ཡི་འགྲོ་རྣམས་ལ་གནས་མཁའ་འགྲོ་མ་དང་རྡོ་རྗེ་མཁའ་འགྲོ་མ། །གང་ཞིག་སྐྱེ་བའི་དུས་སུ་དབུས་ནས་དབུགས་རྣམས་རྐང་བ་དང་བཅས་རོ་དང་ མདའ་རུ་འགྱུར་བ་སྟེ། །དེ་རྣམས་འཁོར་ལོ་བརྒྱད་པ་རྣམས་སུ་འགྱུར་ཏེ་སྟེང་འོག་དབང་ལས་སྒོ་དབུས་ལ་གནས་ལྷ་མོ་རྣམས། །རྐང་པ་གཅིག་ལས་སྐྱེས་པའི་སྲིད་གསུམ་སྐྱེད་མཛད་ཕྱག་ ན་གྲི་གུག་དང་ནི་ཉ་ཕྱིས་བ་སྣམས་པ་ཡིས། །ཉི་མ་ཟླ་བའི་སྟེང་དུ་བདུད་རྩི་བདེ་བའི་ཆ་ལ་གཡས་བརྐྱང་དུས་ཀྱི་འཁོར་ལོ་ཉིད་ཀྱི་ས་འཁྱུད། །སྒྲ་ཙམ་ཐིག་ལེའི་ཆ་དང་ཡེ་ཤེས་རྣམས་ནི་ བདུད་རྩིའི་གནས་སུ་འགྲོ་དང་ལུ་གུ་རྒྱུད་བཅིངས་རྩ། །སྲོག་དང་ཐུར་སེལ་ལམ་གསུམ་རྣམས་ལས་རྡོ་རྗེ་དང་བཅས་པདྨ་རྡོ་རྗེ་ཆུ་སྐྱེས་ལྡན་པ་ཡིས། །དབུས་སུ་རླུང་དགེ་འགྲོ་དང་འཇུག་པ་ ཡང་དག་འདུས་པས་ཡུལ་དང་ཡུལ་ཅན་མེད་པར་འགྱུར་བ་དང། །དུ་བ་ལ་སོགས་མཚན་མ་རྣམས་ནི་གང་ཞིག་གཟུང་དང་འདི་རྣམས་ཐམས་ཅད་གསང་བ་ཆེན་པོ་འོ། །སྐུ་མཐོང་གྱུར་ནས་ ཉིན་མཚན་སོ་སོའི་དུས་སུ་སྲོག་གི་རླུང་ཉིད་རབ་ཏུ་དགག་པར་བྱས་པ་དང། །ཇི་སྲིད་ངེས་པར་རང་གི་ལུས་ལ་འོད་ཟེར་འཁོར་ལོས་ཡོངས་སུ་འཁོར་བར་བྱེད་པ་མཐོང་གི་བར། །བརྟུལ་ཞུགས་ [227A]༄༅། །ཅན་རྣམས་ལམ་གྱི་སེམས་ན་ཟླ་བ་དུས་ཀྱིས་རེག་བྱ་བྲལ་ནས་བདེ་མཉམ་འགྱུར་བ་འོ། །ཆགས་དང་ཆགས་བྲལ་མཐའ་དང་དང་པོར་སོང་བའི་སྐད་ཅིག་མ་ནས་ཁྱབ་ བདག་དབུགས་ཀྱིས་གྲངས་འཕེལ་ལོ། །སྲོག་སྡུད་པ་ཡིས་ཀུན་ནས་བདེ་མཉམ་འབྲས་བུ་སྟེར་བ་སྤྱི་བོའི་བར་ནི་དེ་སྲིད་འདོད་པ་སྟེ། །དེ་ལས་སྟེང་དུ་འདོད་པ་མིན་པ་ཕུང་པོ་ངེས་པར་ཉམས་ ནས་འཆི་བས་འཇིགས་པར་བྱེད་པའི་རྒྱུ། །གཙུག་ཏོར་དབྱེ་བ་བྱས་ཏེ་འགྲོ་ན་བདེ་བ་དམ་པའི་གནས་སུ་ངེས་པར་སྦྱོར་བར་བྱེད་པ་ཉིད་།ཕུང་པོ་དངོས་པོ་མེད་ཀྱང་རྣལ་འབྱོར་པ་ནི་བདེ་ མཉམ་འགྲོ་སྟེ་འོན་ཀྱང་འཇིག་རྟེན་པ་རྣམས་འཕྱ། །ལྀ་སོགས་དབྱངས་བརྒྱད་གང་དག་ཡུལ་དང་ཡོན་ཏན་དུ་འགྱུར་དབྱངས་ཕྱེད་ཀྱིས་ནི་རྣམ་པར་དམན་པ་རྣམས། །ཕན་ཚུན་དབྱེ་བས་ ཐ་དད་རྐང་པ་དང་བཅས་རོ་དང་མངའ་རྣམས་དབུས་མའི་དབུགས་རྣམས་རྒྱུ་བ་འོ། །དུས་སྦྱོར་གཉིས་པར་ཡུལ་དང་ཡོན་ཏན་དབང་གིས་ཐུང་རིང་རྣམས་ཏེ་དུས་སྦྱོར་དབྱེ་བས་ཤེས་པར་ བྱ༑ ༑ཕྱིས་ནི་ཐུན་མཚམས་གསུམ་པར་ཡུལ་དང་ཡོན་ཏན་དབྱེ་བས་ཤིན་ཏུ་རིང་པོ་དབུ་མའི་དབུགས་སུ་རྒྱུ། །དེ་ལྟར་ཐུན་མཚམས་བཞི་ལ་མདའ་དང་བཅས་པའི་རི་དང་རོ་ཡི་དབྱངས་ བཅས་དབུ་མའི་དབུགས་ཀྱི་ཚད། །གཙོ་བོའི་ཆུ་སྐྱེས་རྣམས་ལ་རྡོ་རྗེ་ཐིག་ལེ་མ་ལུས་འགྱུར་མེད་རྡོ་རྗེ་ནོར་བུར་གནས་པ་ཡིན། །དགའ་བ་ཐམས་ཅད་ཀུན་ནས་བདེ་བ་མཉམ་པར་གནས་ཏེ་རྡོ་ [227B] །ཟླ་བ་ཞུ་བ་གང་ཞིག་ཞུགས་པ་དེ་དག་བླ་མའི་ཞལ་ཏེ་དེ་ཉིད་དུས་ཀྱི་འཁོར་ལོ་འོ། །འཆི་བའི་དུས་ལས་གྲོལ་བར་བྱེད་དང་བདུད་རྣམས་འཇིགས་པར་བྱེད་པ་ མཁའ་འགྲོ་མ་ཡི་འཁོར་ལོ་འདི། །དང་པོའི་དབུགས་རྣམས་ཡུལ་དང་ཡོན་ཏན་དབྱེ་བ་བརྒྱད་ཀྱིས་མཁའ་འགྲོ་མ་རྣམས་ཉིད་ཀྱིས་བསྐོར་ནས་གནས། །འགྲོ་བ་དྲུག་ལ་གནས་པ་རྣམས་ནི་ འཁྱམས་ཏེ་རྒྱུན་དུ་རྣམ་གསུམ་བཏང་བས་དུ་བ་ལ་སོགས་པ། །དེ་རྣམས་དབུས་སུ་དུས་ཀྱི་འཁོར་ལོ་དག་པའི་སྐུ་ནི་བདུད་རྩིའི་ཆ་འཕྲོ་བ་ཡིས་འཁྱུད་པ་སྟེ། །གང་གིས་དབུགས་རྣམས་ བཅད་པས་རྒྱལ་བའི་སྐུ་ལ་འཇུག་པ་དེ་ཉིད་དུས་ཀྱི་འཁོར་ལོ་ཞེས་སུ་བརྗོད། །དབུགས་རྣམས་བཅད་པའི་མཐར་ནི་རྣམ་གསུམ་བགྲོད་པ་འདི་དང་འགྲོ་བ་དྲུག་པོ་འདི་ཡང་ཡོད་པ་མིན། །ཐིག་ལེ་ ཀུན་ནས་བཀག་པས་ཁྱབ་བདག་དམ་པའི་བདེ་བ་བསྐལ་པ་མཐའ་ཡས་གནས་པར་གྱུར་པ་ཡིས། །འཁོར་བའི་བདེ་བ་སྤངས་ཏེ་མཆོག་གི་བླ་མའི་ཞལ་ནས་གསུངས་པའི་རྣལ་འབྱོར་བསྒོམ་ པར་བྱ་བའོ། །སྤྱོད་པ་དག་ནི་སྒེག་པའི་གཟུགས་ཀྱིས་མཆོག་ཏུ་འཇིག་པར་བྱེད་པ་རྣལ་འབྱོར་མ་རྣམས་མཉེས་པ་མིན། །ཕོ་ཉ་མོ་རྣམས་ཀྱི་ནི་ལུས་དང་པདྨའི་དྲི་ལྔ་རྣམས་སུ་འགྱུར་ཞིང་དེ་ རྣམས་རིགས་ལྡར་བརྗོད། །གླ་རྩི་དང་ནི་པདྨ་དྲི་ཆུ་ཤ་དང་རྣག་གི་དྲི་རྣམས་རང་བཞིན་ཡོན་ཏན་དབང་ལས་ཏེ། །དཔལ་ལྡན་བཟང་མོ་པདྨ་ཅན་དག་ངེས་ཡིན་ཆུ་སྤྱོད་མ་དང་རི་མོ་ཅན་མ་གླང་ཆེན་ [228A]༄༅། །མ༑ ༑དཔལ་ལྡན་སྒྲོལ་མ་གོས་དཀར་མོ་དང་མཱ་མ་ཀཱི་དང་སྤྱན་མ་རྣམས་ནི་རིགས་ཀྱི་དབང་ལས་འགྱུར། །ལུས་པོ་ཕྲ་ལ་སྐྲ་རྣམས་ཕྲ་དང་རྐང་ལག་འཇམ་ཞིང་བརྩེ་ལྡན་ དཔལ་ལྡན་ཤིན་ཏུ་བཟད་མོའོ། །ཅུང་ཟད་ལུས་པོ་ཕྲ་ལ་རིང་ཞིང་སྐྲ་རྣམས་འཁྱིལ་དང་མིག་མི་གཡོ་བ་པདྨ་ཅན་ཉིད་དོ། །དོ་ཚ་མེད་ཅིང་འདོད་ཆགས་དྲག་ལ་རྩོད་པ་མང་པོ་བྱེད་ཅིང་སྐྲ་རྣམས་ ཉུད་བ་དུང་ཅན་མ། །བོང་རིང་ཡན་ལག་ཐམས་ཅད་རྒྱས་ལ་སྐྲ་རིང་འདོད་ཆགས་ཆུང་རྣམས་ངེས་པར་རི་མོ་ཅན་དུ་བརྗོད། །ལུས་པོ་སྦོམ་ལ་ཐུད་ཞིང་མཁྲེགས་ཏེ་ཤིན་ཏུ་ཡུལ་སྲ་སྐྲ་རྣམས་ འཐུག་པ་གླང་པོ་མ་རུ་ངེས། །ཕོ་ཉ་མོ་རྣམས་དག་པའི་རིགས་ནི་བརྒྱ་ལམ་ན་སྟེ་རིགས་རྣམས་ཐམས་ཅད་འདིར་ནི་འདྲེས་པར་འགྱུར་།རྣལ་འབྱོར་པ་ནི་སེངྒེ་རི་དྭགས་རྟ་དང་ཁྱུ་མཆོག་ གླང་པོ་ཆེ་ཡི་རིགས་རྣམས་དབྱེ་བ་ཡིས། །མི་བསྐྱོད་པ་དང་དོན་གྲུབ་དང་ནི་དྲི་མེད་ནོར་བུའི་ཕྱག་དང་པད་ཕྱག་འཁོར་ལོ་ཅན་རྣམས་སོ། །སེངྒེ་དག་ཀྱང་ཡུལ་དང་བྲལ་ཞིང་དབེན་པ་ལ་ གནས་འཇིགས་པ་མེད་གཏོང་འདོད་དང་ཚུལ་ཁྲིམས་ལྡན། །རི་དྭགས་མྱུར་དུ་འགྲོ་དང་འཛག་དང་ཡུལ་ཡང་བ་དང་སྐྲག་པའི་སེམས་དང་ཤིན་ཏུ་འཇིགས་པའོ། །རྟ་ནི་དེས་པར་འདོད་ ལ་ཆགས་ཤིང་གཞན་གྱི་དབང་འགྱུར་གཅིན་གྱི་དྲི་སྟེ་ཕ་རོལ་དོན་དུ་གཉེར། །ཁེངས་པའི་མིག་དང་དལ་བར་འགྲོ་དང་རང་བཞིན་ཡོན་ཏན་བླུན་པོ་ཉ་ཡི་དྲི་ལྡན་ཁྱུ་མཆོག་འགྱུར། །འདོད་ [228B]རྨོངས་རྣམས་ངེས་པར་གླང་ཆེན་གྲགས། །ས་སྟེང་གནས་སུ་སུམ་ཅུ་རྩ་དྲུག་དབྱེ་བས་ཐ་དད་པ་ནི་རིགས་དང་དྲི་ཡི་རང་བཞིན་ནོ་།མཆོད་ པའི་དོན་དུ་འདོད་པའི་བསྟན་བཅོས་ཡོན་ཏན་ཀུན་གྱི་གནས་ནི་རྣལ་འབྱོར་པ་ཡིས་རིག་པར་བྱ། །ཤིན་ཏུ་བདེ་བས་དགྱེས་པ་མེད་ན་རྣལ་འབྱོར་པ་ལ་རྣལ་འབྱོར་མ་ཡིས་དངོས་གྲུབ་སྟེར་མི་ འགྱུར༑ ༑དབུ་མར་སྲོག་ནི་རབ་གཞུག་པ་དང་ཡུལ་དང་རྣམ་པར་བྲལ་བའི་སྣ་ཚོགས་ཡུམ་ལ་འཁྱུད་པ་སྟེ། །རང་གི་རྡོ་རྗེ་པདྨར་གཞུག་ཅིང་སྤྲོ་བ་དག་ཀྱང་དེ་བཞིན་ཟླ་ཉིའི་དབུས་སུ་རབ་གཞུག་ པ༑ ༑བདེ་བའི་ས་བོན་མ་ལྷུང་པ་ལས་ཤིན་ཏུ་བདེ་བར་གྱུར་འདི་རྣལ་འབྱོར་པ་ཡི་རྣལ་འབྱོར་ཏེ། །བསྒྲུབ་པར་བྱ་བ་ཕྱག་རྒྱའི་དོན་དུ་གཙོ་བོ་མཆོག་ཏུ་གྱུར་པ་དཔལ་ལྡན་གསང་ཆེན་ལས་ གསང་ཆེན། །འདིར་ནི་ཡེ་ཤེས་དགུག་པར་བྱེད་པ་ཤིན་ཏུ་སྟོབས་ཅན་གྱིས་ཏེ་སླར་ཡང་གཞུག་པ་རྨོངས་བྱེད་ཀྱིས། །རེངས་བྱེད་ཀྱིས་ནི་འཆིང་སྟེ་ངེས་པར་མཆོག་ཏུ་བདེ་བའི་དབང་ལས་ང་ རྒྱལ་བྱེད་པས་མཉེས་པར་བྱ། །འཁོར་ལོ་ལ་ནི་ཡེ་ཤེས་འཁོར་ལོ་རོ་མཉམ་པར་ནི་བྱེད་པ་རྡོ་རྗེ་ཤུགས་ཀྱི་བྱེད་པའོ། །དེ་ལྟར་རྣལ་འབྱོར་མ་ཡི་རྒྱུད་དུ་ཁྲོ་བོའི་ལྷ་མོ་རྣམས་ཀྱིས་ངེས་པར་རབ་ ཏུ་གསལ་པར་བྱ། །སྲིད་གསུམ་གནས་སུ་བདུད་རྣམས་མ་ལུས་རྡུང་པར་བྱེད་པ་དབྱུག་པ་སྔོན་པོ་ཅན་གྱིས་མཛད་པ་སྟེ། །དུས་མཐའི་ཉི་མ་དང་མཚུངས་ཁྲོ་བོ་མི་གཡོ་བ་ཡིས་འཆིང་སྟེ་ཕུར་ [229A]༄༅། །འདེབས་ཤིན་ཏུ་བརྩོན་འགྲུས་སོ། །ཊཀྐིས་དེ་ཡི་བརྩོན་འགྲུས་འཇིག་སྟེ་ས་སྟེང་གྱུར་པ་གནོད་མཛེས་རྒྱལ་པོ་རེངས་པར་བྱེད་པའོ། །གཙུག་ཏོར་ཅན་གྱིས་རྫུ་ འཕྲུལ་འཇིག་སྟེ་ངེས་པར་ཁྲོ་བོའི་ལྷ་མོ་རྣམས་ཀྱིས་སྔ་མ་བཞིན་དུ་འོ། །གཞན་ཡང་གང་ཞིག་ཅུང་ཟད་ཡོད་པ་སྤྲོས་ཏེ་ཁྱབ་བདག་དཀྱིལ་འཁོར་དུ་ནི་འབྱུང་སྐྱེས་མཐར་ཐུག་ གོ་སེམས་ཅན་ཀུན་གྱི་དོན་དུ་མཆོག་གི་ཡོན་ཏན་རྣམས་པ་སྣ་ཚོགས་རང་གི་ལུས་ལ་རིག་པར་བྱ། །དེ་ལྟར་རྒྱུད་རྣམས་དང་ནི་སྔགས་རྣམས་སྣ་ཚོགས་རིགས་གྱུར་རྣལ་འབྱོར་མ་ དང་རྣལ་འབྱོར་དབྱེ་བས་སོ། །རྡོ་རྗེ་པདྨ་དག་གིས་གཉིས་སྦྱོར་གང་ཡིན་དེ་ཡིས་གནས་པའི་བདེ་བ་འཕེལ་བར་རབ་ཏུ་བྱ། །བླ་མའི་ངེས་པའི་སྟོབས་ཀྱིས་མཐའ་དང་འབར་བའི་ དབུ་ས་དང་མཆོག་ཏུ་དགའ་དང་ལྷན་ཅིག་སྐྱེས་མཚམས་དང། །གཉིད་དང་བརྒྱལ་བའི་དབུས་དང་ཡེ་ཤེས་དང་ནི་རྣམ་ཤེས་དབུས་སུ་འདི་ཉིད་འཕེལ་བར་ཐེ་ཚོམ་མེད། །བདུད་དང་ ཉོན་མོངས་འཇོམས་ཤིང་རྒྱལ་བའི་བདག་པོ་ལ་གནས་རྣལ་འབྱོར་པ་ཡིས་ལོ་གཅིག་སྦྱོར་བ་ཡིས། །སད་དང་རྨི་ལམ་རང་བཞིན་གཞན་ཡང་དེ་བཞིན་གཉིད་ལོག་པ་དང་འཁྲིག་དུས་ རུ་ཏྱའི་རང་བཞིན་རྣམས། །ལུས་གནས་པ་དང་དབུགས་ཉིད་ཐིམ་པ་རྣམ་པར་རྒྱུ་དང་ཡུལ་ལ་བསྐྱོད་པ་མེད་པའི་སེམས་ཐིམ་པ། །ཡེ་ཤེས་གནས་དང་བུད་མེད་དང་ནི་རབ་འདུས་པ་ [229B] །སྤྲུལ་པ་ལ་སོགས་རིམ་པས་ཐུགས་ཀྱི་རྡོ་རྗེ་རྣམ་པ་བཞི་རུ་ངེས་པར་རབ་ཏུ་འགྱུར་བ་འོ། །བག་གི་རྣམ་པར་རྟོག་པའི་རང་བཞིན་མོན་ ཏན་གྱུར་པས་འཆིད་བ་དར་གྱི་སྲིན་བུ་ཇི་བཞིན་ནོ། །གཞན་ཡང་བདག་གི་རྣམ་པར་མི་རྟོག་པ་ཡི་ཡིད་ཀྱི་ངེས་པར་བདག་ཉིད་གྲོལ་བར་འགྱུར་བའོ། །དེ་ཕྱིར་རང་གི་ལས་ཀྱིས་རང་བཞིན་ ཡོན་ཏན་གྱུར་པས་བདེ་དང་སྡུག་བསྔལ་བྱེད་དོ་རྒྱལ་པོ་ཀྱེ། །རང་བཞིན་བྲལ་ལ་བྱེད་པ་པོ་གང་བྱ་བ་གང་སྟེ་འཇིག་རྟེན་པ་རྣམས་མི་ཤེས་པ་ཡིས་བསྒྲིབས། །ཨ་སོགས་ཀ་སོགས་རི་ བོང་ཅན་དང་ཉི་མ་དག་དང་གཅིག་ཉིད་རྡོ་རྗེ་ཅན་གྱི་རྟེན་མ་ཡིན། །ཧཱུཾ་ཡིག་ལས་ནི་མཚན་མར་ཡོངས་གྱུར་པ་དང་གཞན་ཡང་ཁ་དོག་དང་ནི་གཟུགས་རྣམས་འདོད་པ་མིན། །མཆོག་ཏུ་ མི་འགྱུར་བ་ཡིས་འགྱུར་བ་བཅོམ་སྟེ་སྐྱེས་པར་གྱུར་པ་འདི་ནི་ལྷ་ཡི་དབང་པོ་སྟེ། །རྣམ་བ་ཀུན་གྱི་ཐིག་ལེ་སྣ་ཚོགས་སྒྱུ་མ་འཛིན་པ་རྒྱལ་བ་མ་ལུས་རྣམས་ཀྱི་བདག་པོ་འོ། །སྲིད་ གསུམ་འཇིག་པར་བྱེད་པ་ཕུང་པོ་ཁམས་དང་དབང་པོ་རྣམས་དང་ལས་ཀྱི་དབང་པོ་ལྔ་རྣམས་དང། །དེ་ཙམ་དང་ནི་ལས་ཀྱི་སྐྱོན་དང་ཡོན་ཏན་ཡིད་དང་བློ་དང་དར་འཛིན་དང་བཅས་ ལ་སོགས་པ། །འདི་རྣམས་ཀྱིས་བཅིངས་རོ་ཡི་གནས་སུ་སྲོག་ཉིད་འཁྱམས་པ་དང་སྟེ་སླར་ཡང་ཕྲ་མོའི་རང་བཞིན་གྱིས། །བསམ་པ་དོར་ནས་མི་འགྱུར་མཆོག་གི་གནས་སུ་ [230A]༄༅། །གང་ཞིག་རབ་ཏུ་གཤེགས་ན་སླར་ཡང་སྐྱེ་བ་མིན། །དེ་ལྟར་སེམས་ནི་རྣམ་པ་བཞི་རྣམས་སྲིད་པ་རྣམ་གསུམ་གྱུར་པའི་སྲོག་ཆགས་རྣམས་ ཀྱི་ཐིག་ལའི་དབུས། །ཁྱབ་བྱེད་བདེ་མཉམ་འབྲས་སྟེར་ཐར་པའི་རྒྱུ་རུ་རྣལ་འབྱོར་དབང་པོ་རྣམས་ཀྱིས་བསྲུང་བར་བྱ་བ་ནི་།རྣལ་འབྱོར་རྣམས་ལ་མཆོག་གི་བདེ་བ་སྐྱེད་བྱེད་ ས་བོན་ཐིག་ལེ་བཏབ་ན་ཐར་པར་ག་ལ་འགྱུར། །ད་ཕྱིར་འཁོར་བའི་བདེ་བ་སྐད་ཅིག་མ་འདི་བརྟུལ་ཞུགས་ཅན་རྣམས་ཀྱིས་ནི་རྒྱུན་དུ་སྤང་བར་བྱ། །མངོན་སུམ་དང་ནི་རྗེས་སུ་ དཔག་པ་རྣམ་གཉིས་གྱུར་པ་གང་དག་དེ་རྣམས་ལྷ་ཡི་དམིགས་པ་སྟེ་།མངོན་སུམ་དེ་ཁོ་ན་ཡི་རྣལ་འབྱོར་མཁའ་ལ་རྒྱུ་སྐར་དང་མཚུངས་ལོངས་སྤྱོད་རྫོགས་སྐུ་དུ་མ་འོ། །མངོན་ སུམ་མིན་པའི་རྗེས་སུ་དཔག་པ་ཤི་བའི་ལུས་བཞིན་དེ་ཉིད་མེད་པས་དེ་ནི་རྟོག་པ་སྟེ། །རྣལ་འབྱོར་ཡོངས་སུ་མ་གྱུར་བློ་ཅན་རྣམས་ཀྱིས་བསྒོམ་པའི་དོན་དུ་རས་བྲིས་ལ་སོགས་ བསྟན་པར་བྱ། །གཟུགས་སམ་དཀྱིལ་འཁོར་དག་ནི་དང་པོར་ཡང་དག་བྲིས་ལ་དེ་ཉིད་མེད་པ་རྣམས་ཀྱིས་བསྒོམ་པར་བྱ། །མཁའ་ལ་དེ་ཁོ་ན་ཡི་རྣལ་འབྱོར་པ་ཡིས་ མཐའ་དག་ཚང་བར་གྱུར་པ་རང་སེམས་མཐོང་བ་འོ། །ལོ་ཕྱེད་དང་ནི་ལོ་གཅིག་དག་ཏུ་བླ་མའི་ངེས་པའི་དབང་ལས་ཇི་སྲིད་བརྟན་པར་འགྱུར་གྱི་བར། །དེ་ནས་ཕྱག་རྒྱའི་ [230B]པ་ཉིད་དུ་འགྱུར། །རླུང་རྣམས་ཡང་དག་བསྡུ་བར་བྱས་པས་གློག་གི་མེ་ལྕེས་སྤྱི་བོ་ལས་ནི་ཟླ་བ་འཇུ་བར་བྱེད། །གང་ དང་གང་གིས་ཐིག་ལེ་ཞུ་ནས་དེ་ལས་མགྲིན་པ་སྙིང་ག་ལྟེ་བ་གསང་བ་རྣམས་སུ་འགོག་ཐིག་ལེ་ཞུ་བ་གང་ཞིག་འཛག་ནས་རྡོ་རྗེ་ནོར་བུར་སོང་བ་རྒྱལ་མཚན་རྩེ་མོར་ཡང་དག་འགག་ ཤེས་རབ་ཡེ་ཤེས་སྐད་ཅིག་གང་ཚེ་ཐིག་ལེའི་ཕྲེང་བ་མི་འཛག་དེ་ཚེ་བད་བ་ཡང་དག་སྟེར། །དེ་ཕྱིར་འཛག་པ་མེད་པའི་བདེ་བ་སྐད་ཅིག་འདི་ནི་ལྷན་ཅིག་སྐྱེས་པ་ཆོས་ཀྱི་དབྱིངས་སྟེར་ བ༑ ༑རོ་ཡི་འགྲོ་བ་རྣམས་སུ་གྱུར་པའི་སྲོག་རྣམས་ཐམས་ཅད་བཀུག་སྟེ་ཉོན་མོངས་བདུད་རྣམས་བཅོམ་བྱས་ནས། །རྫུ་འཕྲུལ་དང་ནི་ཐམས་ཅད་མཁྱེན་པའི་ས་དང་སྲིད་གསུམ་བླ་ མ་ཉིད་རྣམས་རྣལ་འབྱོར་སྐྱེ་བར་འགྱུར། །གལ་ཏེ་ལམ་དུ་ཞུགས་པ་འཆི་བར་གྱུར་པ་དེ་ཚེ་ཞེན་པ་དེ་ཡིས་སྐྱེ་བ་གཞན་ལ་འོ་།རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་ནི་ངེས་པར་རྡོ་ རྗེའི་ཚིག་འདི་རྣལ་འབྱོར་པ་ལ་གསུངས་པ་སྟེ། །བྱིས་པ་རྣམས་ནི་སྨིན་པར་བྱ་བའི་དོན་དུ་སྣ་ཚོགས་གཙོ་བོས་སྙིང་རྗེ་མཆོག་གིས་སྦས་པའོ། །དེ་ཕྱིར་དེ་ཉིད་དབྱེ་བ་བྱས་ལ་ཉིན་ ཞག་སོ་སོའི་དུས་སུ་རྣལ་འབྱོར་པ་ཡིས་བསྒོམ་པར་བྱ། །ཕྱག་རྒྱ་བསྒྲུབ་པའི་དོན་དུ་རྒྱལ་མཆོག་སྐྱེད་པར་བྱེད་པ་གཞོམ་དུ་མེད་པ་དུས་ཀྱི་འཁོར་ལོའོ། །དཔལ་དུས་ཀྱི་འཁོར་ [231A]༄༅། །ལོ་པ་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ལས། སྒྲུབ་ཐབས་ཀྱི་ལེའུ་མདོར་བསྡུས་པ་སྟེ་ལེའུ་བཞི་པའི་རྒྱུད་ཀྱི་སྙིང་པོའོ།།།།ཁྱབ་བདག་སྐུ་ཡི་སྟོབས་ཀྱིས་ རྣལ་འབྱོར་པ་རྣམས་ལུས་ཀྱི་མཆོག་ལ་ལྷ་ཡི་མིག་ཉིད་དུ་ནི་འགྱུར་བའོ། །དེ་ཡི་གསུང་གི་སྟོབས་ཀྱིས་ལྷ་ཡི་སྙན་དང་དེ་ཡི་ཐུགས་ཀྱིས་གཞན་གྱི་སེམས་ལ་གནས་པ་ཤེས། །ཤེས་རབ་སྐུ་ ཡི་སྟོབས་ཀྱིས་སྲིད་གསུམ་ལ་གནས་འགྱུར་བ་སྐྱེ་བ་སྔ་མ་རྗེས་སུ་དྲན་པར་འགྱུར། །ཤེས་རབ་གསུང་གི་སྟོབས་ཀྱིས་ནམ་མཁའ་དང་མཚུངས་མ་ལུས་པ་ལ་ཀུན་འགྲོ་རྫུ་འཕྲུལ་སྟོན་པར་ བྱེད༑ ༑ཤེས་རབ་ཐུགས་ཀྱི་རང་བཞིན་སྟོབས་ཀྱིས་གང་ཞིག་མ་ལུས་བདེ་མཉམ་གཞོམ་དུ་མེད་པར་འགྱུར་པ་སྟེ། །ལྷ་ཡི་མིག་གི་སྟོབས་ཀྱིས་སྲིད་པ་གསུམ་གྱི་མིག་གིས་མ་མཐོང་བ་ཡང་ མཐོང་བར་འགྱུར་བའོ། །ལྷ་ཡི་རྣ་བའི་སྟོབས་ཀྱིས་སྲོག་ཆགས་རྣམས་ཀྱིས་སྨྲས་པའི་ཞལ་གྱི་སྒྲ་ཐོས་འགྱུར་ཞིང་དབུགས་ཀྱིས་ཀྱང། །དེ་ལྟར་རེག་བྱ་ལ་སོགས་ཐམས་ཅད་སྐུ་གསུང་ཐུགས་ ཀྱི་སྦྱོར་བས་འགྱུར་རོ་མི་ཡི་བདག་པོ་ཀྱེ། །གང་ཞིག་དབུས་ཀྱི་རྩ་ནས་ཐུར་རྒྱུའི་ལམ་གསུམ་གྱུར་པ་གཅིན་དང་བཤད་པ་ཁུ་བ་འབབ་པ་རྣམས། །སྲོག་ལམ་རབ་ཏུ་རྒྱུ་བ་རྣམ་པ་དགུ་དང་མཐའ་མ་ སངས་རྒྱས་ཞལ་ཉིད་རྣམས་སུ་གྱུར་པ་ནི། །རྣ་བ་སྣ་དང་མིག་རྣམས་རྣམ་པ་གཉིས་གཉིས་ཞེས་བྱར་འགྱུར་ཞིང་ལྕེ་ཆུང་ལྕེ་དང་བཅས་པ་དང། །ཐིག་ལེ་དང་ནི་གཙུག་ཏོར་རྣམས་ཀྱི་བུག་པར་འགྱུར་ [231B] །སྲོག་དང་ཐར་དུ་རྒྱུ་བ་འགག་ན་གཡོ་བའི་རི་བོང་འཛིན་པ་ཉི་མའི་གཟུགས་སུ་འགྲོ་བ་སྟེ། །པདྨར་རྡོ་རྗེ་རབ་ཏུ་སྦྱངས་པ་ལས་ཀྱང་ཉི་མའི་གཟུགས་ཀྱི་འོད་ཟེར་ རྣམས་ཀྱིས་འདིར་ཞུ་འགྱུར། །ཉི་མ་ཟླ་བའི་རླུང་རྣམས་འགག་པར་གྱུར་པ་ན་ཡང་ཤེས་དང་ཤེས་བྱ་གཅིག་པར་འགྱུར་བ་སྟེ། །དེ་ལྟར་དེ་བཞིན་ཡང་ནི་དེ་ལྟར་རྣམ་གསུམ་དུ་ཡང་འགྱུར་ཏེ་ཅུང་ཟད་དང་ ཉིད་ཡོད་པ་མིན། །ཟླ་བ་ཉི་མ་བཟུང་བའི་གཟུགས་ནི་ནམ་མཁའ་ཉིན་མོ་མིན་ཏེ་མཚན་མོ་ཉིད་ཀྱང་ཅུང་ཟད་མིན། །ཐུན་མཚམས་དེར་ནི་རྣལ་འབྱོར་བ་རྣམས་ལུས་ཀྱི་དབུས་སུ་དུས་རྣམས་ཀུན་ཏུ་བདུད་ རྩི་གནས་གྱུར་པ། །ཟླ་བ་ཕྱེད་པ་ཟད་པའི་ནམ་མཁའ་ལ་གནས་ཉི་མ་བཞིན་དུ་ལུས་ཉིད་རོ་མཉམ་འགྱུར་བའོ༑ ༑ལུས་ལ་སྲོག་དང་ཐུར་རྒྱུ་རེས་པར་ཟད་དེ་འགག་པའི་དུས་ན་གསལ་བར་གྲུབ་པར་ བརྗོད་པའོ། །ལམ་གཉིས་སྲོག་རླུང་རྒྱུན་དུ་འགོག་པས་ཟླ་བ་ཉི་མའི་གཟུགས་དག་རབ་ཏུ་འཇིག་པར་འགྱུར་བ་སྟེ། །པདྨར་རྡོ་རྗེ་རབ་ཏུ་སྦྱངས་པས་རི་བོང་ཅན་ཉིད་ཞུ་ནས་ཉི་མའི་གཟུགས་ལ་རབ་ ཏུ་ཞུགས། །ཡང་དག་རབ་ཏུ་སྦྱངས་པས་དངོས་དང་དངོས་མེད་གཅིག་གྱུར་པ་དང་རྣམ་གསུམ་གཅིག་གྱུར་གཞོམ་དུ་མེད། །དེ་ལྟར་ཅུང་ཟད་དུས་ཀྱི་རྣལ་འབྱོར་པ་དེ་གཉིས་སུ་མེད་པའི་གོ་འཕང་མཆོག་ ལ་འགྲོ་བྱེད་པ། །ཁྲོ་བོ་དང་ནི་སངས་རྒྱས་ལྷ་མོར་བཅས་དང་ངེས་པར་རོ་ཡི་རྡོ་རྗེ་མ་དང་སའི་སྙིང་པོ། །མཁའ་ལ་མངོན་སུམ་ཉིད་དུ་འགྱུར་ཏེ་རྣལ་འབྱོར་པ་ཡི་རབ་ཏུ་དགའ་བའི་ཐུགས་ནི་གྲུབ་པའི་དུས། ། [232A]༄༅། །རི་བོང་ཅན་གྱི་ཉིན་མཚན་དག་གི་ཐོ་རངས་དང་ནི་ནམ་ཕྱེད་དེ་ལ་འདོད་པའི་དངོས་གྲུབ་འགྱུར། །དུས་སྦྱོར་ཁྱད་པར་འཕགས་པས་རིན་ཆེན་མེ་ཏོག་ཆར་པ་རྣམས་ནི་ས་ཡི་ སྟེང་དུ་འབབ་པར་འགྱུར། །སྐུ་ནི་རྡུལ་ཕྲན་རབ་ཏུ་ཞིག་པ་ནམ་མཁའ་དང་མཚུངས་དྭངས་པའི་མཚན་ལ་སོགས་པ་རྫོགས་པར་འགྱུར་།འཇིག་རྟེན་གསུམ་ལ་སྒྲིབ་པ་རྣམ་པར་བྲལ་བ་རྨི་ལམ་ ལྟ་བུར་དྭངས་པ་སྣ་ཚོགས་མཐོང་བའོ། །གསུང་ནི་ཀུན་ནས་རྒྱུན་མི་ཆད་པར་སྐད་གཞན་རྣམས་ཀྱིས་གཞན་གྱི་སྙིང་ལ་འཇུག་པར་འགྱུར་བ་སྟེ། །ཐུགས་ནི་བདེ་བ་དམ་པས་གང་སྟེ་འགྱུར་བ་ མེད་པ་ལྷན་ཅིག་སྐྱེས་པས་དུས་ཀུན་འཁྱུད་པའོ། །ཤེས་རབ་མ་ཡིན་ཐབས་མ་ཡིན་ཏེ་ལྷན་ཅིག་སྐྱེས་སྐུ་འདི་ལས་ཆོས་ཀྱི་སྐུར་ནི་འགྱུར་བའོ། །ཐབས་དང་ཤེས་རབ་རང་བཞིན་ངེས་པར་ མུན་པ་བྲལ་བར་ཡེ་ཤེས་དང་ནི་རྣམ་ཤེས་དབྱེ་བ་ཡིས། །དེ་ལས་ལོངས་སྤྱོད་རྫོགས་པའི་སྐུ་ཡིས་བྲག་ཅ་བཞིན་དུ་སེམས་ཅན་དུ་མའི་དོན་རྣམས་མཛད་པའོ། །འདིར་ཡང་སེམས་ཅན་མ་ ལུས་སྨིན་བྱའི་དོན་དུ་སངས་རྒྱས་ལས་ནི་སྤྲུལ་པའི་སྐུ་རུ་འགྱུར་བའོ། །འདོད་པ་སྤྲུལ་པའི་སྐུ་རུ་ངེས་པར་འགྱུར་ཏེ་གང་བ་རྫོགས་པ་དེ་ཡི་གསུང་དུ་འགྱུར་བའོ། །འབར་བ་སྤྲུལ་པའི་ཐུགས་ཏེ་ ཨོཊྚ་ལས་ནི་མཆོག་ཏུ་བདེ་བར་མཛད་པའི་ཡེ་ཤེས་ཞེས་སུ་བརྗོད་།དགའ་བ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་མཆོག་དགའ་ཁྱད་པར་དགའ་དང་བཅས་པ་འདི་དག་རིམ་པ་ཡིས། །གསུང་དང་ [232B]རྗེ་ལ་སོགས་འབྱུང་བར་བྱེད། །གཡོ་བ་ངེས་པར་ཆོས་ཀྱི་སྐུ་སྟེ་སྲིད་གསུམ་ཕྱག་བྱས་པ་དང་འབྱུང་བར་འགྱུར་བ་དེ་ཡི་གསུང་།གཉིད་ནི་ངེས་ པར་ཆོས་ཀྱི་ཐུགས་ཏེ་འཁྲིག་དུས་རུ་ཏྱ་ཡེ་ཤེས་ཉིད་ཡིན་སྲིད་པའི་འཇིགས་པ་འཇོམས། །ཡི་གེ་ངེས་པར་དག་པའི་སྐུ་སྟེ་དབྱངས་དང་བྲལ་བའི་ཆ་དང་ཐིག་ལེ་སྒྲ་དང་རིམ་པ་ཡིས། །གསུང་དང་ཐུགས་དང་ཡེ་ ཤེས་རྡོ་རྗེ་སྲིད་པ་རྣམ་གསུམ་ལ་གནས་དག་པའི་སྐུ་རུ་སྐྱེད་པར་བྱེད། །དུས་ཉིད་དག་པ་དཔལ་ལྡན་རྡོ་རྗེ་ཅན་དུ་འགྱུར་ཏེ་ལོ་ཟླ་ལ་སོགས་དང་དབྱེའོ་མི་བདག་ཀྱེ། །སེམས་ཀྱི་རྣམ་པ་ཉིན་མཚན་མིན་ཏེ་ཉིན་མཚན་ སོ་སོའི་དབྱེ་བ་རྣམ་པར་དག་པ་སྣ་ཚོགས་ཡུམ། །རྡོ་རྗེ་སེམས་དཔའ་གཅིག་པུ་འདི་ལས་དུས་མཐའི་སྤྲིན་དང་མཚུངས་པའི་ཧེ་རུ་ཀ་ནི་ངེས་པར་འགྱུར། །དེ་ཡང་གདུགས་རྣམས་སྨིན་བྱའི་དོན་ཏེ་རྨོངས་པ་རྣམས་ནི་བདེ་ བའི་དོན་དུ་རྒྱལ་བའི་དམ་ཚིག་གོ། །རིན་ཆེན་འབྱུང་བ་སྡུག་འཕོངས་རྣམས་ཀྱི་འགྱུར་ཏེ་པདྨ་འཛིན་པ་ཆགས་ཅན་རྣམས་ཀྱིས་ཆགས་པའི་ཕྱིར། །བགེགས་རྣམས་གཞོམ་པའི་དོན་ཉིད་དུ་ནི་ཕྱག་གི་པདྨར་ རལ་གྲི་འཛིན་པའི་དོན་ཡོད་གྲུབ་པར་འགྱུར། །གང་ཞིག་ཞེ་སྡང་ལས་ནི་སྣ་ཚོགས་ཡུམ་སྟེ་དེ་ཉིད་དུས་མཐའི་མེ་མཚུངས་མཁའ་འགྲོ་མ་རུ་འགྱུར། །གཏི་མུག་ལས་ནི་སྤྱན་མར་བརྗོད་དེ་མཆོག་གི་སྙིང་རྗེས་ང་ རྒྱལ་རྒྱུ་ལས་མཱ་མ་ཀཱི་རུ་གསུངས། །འདོད་ཆགས་ལས་ནི་གོས་དཀར་མོར་གསུངས་ཡོན་ཏན་མ་ལུས་གཏེར་གྱུར་ཕྲག་དོག་ཉིད་ལས་སྒྲོལ་མའོ། །འདི་ཉིད་གཉིས་པོ་དག་ནི་སྣ་ཚོགས་གཟུགས་ཏེ་ཡུལ་དང་ [233A]༄༅། །ཡུལ་ཅན་འདི་དག་ཐམས་ཅད་གཞན་དུ་འགྱུར། །སྦྱིན་པ་ལ་སོགས་དྲུག་བཞིའི་རྣམ་པ་བདེ་མཉམ་འབྲས་བུ་སྟེར་བདེ་བ་དེ་རྣམས་ནུས་མ་བཅུ་རུ་གསུངས། །དེ་རྣམས་ཐབས་ ནི་བྱང་སེམས་མཆོག་ཏུ་དག་པས་གང་བའི་བུམ་པ་རྣམ་པ་བཅུ་པོ་རྣམས་སུ་འགྱུར། །བདུད་དང་ཉོན་མོངས་ངེས་པར་ཟད་པ་འདོད་ལྷ་བདེ་བྱེད་དག་སྟེ་རྡོ་རྗེའི་ཚོགས་ནི་ལྗོན་པ་སོགས། །ཕྱག་རྒྱ་དྲུག་ནི་ སྟོང་པ་དྲུག་སྟེ་སྲིད་གསུམ་སྐྱེད་པར་བྱེད་པ་ཤེས་དང་ཤེས་བྱ་གཅིག་པའོ། །གང་གིས་ངེས་པར་རིགས་ཀྱི་གཟུགས་སུ་གྱུར་པ་རྩོམ་པ་དེ་ལ་གཟུགས་ནི་ཆེན་པོར་གསུངས་པའོ། །འཁོར་བའི་སྡུག་ བསྔལ་རབ་ཏུ་བཅོམ་པར་གྱུར་པ་གང་ཡིན་དེ་ནི་ཚོར་བ་ཆེན་པོར་གསུངས་པའོ། །འཁོར་བའི་འདུ་ཤེས་བཅོམ་པར་གྱུར་པ་གང་ཡིན་དེ་ནི་རྡོ་རྗེ་ཆེན་པོའི་འདུ་ཤེས་ཉིད་དུ་གསུངས། །གང་དུ་འཁོར་བའི་ འཕེལ་བ་བཅོམ་པར་གྱུར་པ་གང་ཡིན་དེ་ནི་རྡོ་རྗེའི་འདུ་བྱེད་ཁོ་ནའོ། །གཉིད་ལ་སོགས་པའི་གནས་སྐབས་བཅོམ་པར་གྱུར་པ་གང་ཡིན་དེ་ནི་རྣམ་པར་ཤེས་པར་གསུངས་པའོ། །མི་ཤེས་པ་ཡི་དངོས་ པོ་བཅོམ་པར་གྱུར་པ་གང་ཡིན་དེ་ནི་ཐུབ་པའི་ཡེ་ཤེས་ཉིད་དུ་གསུངས། །དེ་རྣམས་རྣམ་པར་སྣང་མཛད་ལ་སོགས་རྒྱལ་མཆོག་དམ་པ་རྣམས་ཏེ་རྣམ་པ་དྲུག་ནི་རིགས་དྲུག་གོ། །གཞན་ཡང་ཁམས་ དྲུག་དབྱེ་བ་རྣམས་ནི་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་བཞི་རྣམས་ལས། །གཏི་མུག་མཐའ་དག་བཅོམ་པར་གྱུར་པ་གང་ཡིན་དེ་ནི་སྤྱན་མ་ཡིན་ཏེ་དེ་ཉིད་ས་རུ་གསུངས། །ང་རྒྱལ་མཐའ་དག་བཅོམ་ [233B]གསུངས། །འདོད་ཆགས་མཐའ་དག་བཅོམ་པར་གྱུར་པ་གང་ཡིན་རྣམས་ནི་གོས་དཀར་མོ་སྟེ་དེ་ཉིད་མེ་རུ་གསུངས། །ཕྲག་དོག་མཐའ་དག་བཅོམ་པར་གྱུར་ པ་གང་ཡིན་རྣམས་ནི་སྒྲོལ་མ་ཉིད་དེ་དེ་ཉིད་རླུང་དུ་གསུངས་།ཞེ་སྡང་མཐའ་དག་བཅོམ་པར་གྱུར་པ་གང་ཡིན་རྣམས་ནི་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་སྟེ་མཁའ། །སེར་སྣ་མཐའ་དག་བཅོམ་པར་གྱུར་པ་གང་ ཡིན་རྣམས་ནི་སྣ་ཚོགས་ཡུམ་སྟེ་མི་འགྱུར་བདེ་བའོ། །ཡིད་ཀྱིས་ནམ་མཁར་ངེས་པར་གཟུགས་མཐོང་བ་སྟེ་མ་མཐོང་བ་ཉིད་བ་གང་ཡིན་དེ་ནི་མིག་རིང་ནས་སྒྲ་བརྗོད་རབ་ཏུ་གསལ་བར་ཐོས་ པར་གྱུར་པ་འདི་ནི་རྒྱལ་བ་ཡི་ནི་རྣ་ཆེན་པོ། །དྲི་རྣམས་ཐམས་ཅད་འཛིན་པ་ཉིད་དེ་མཆོག་ཏུ་བདེ་བར་གྱུར་པ་དེ་ནི་ཁྱབ་བདག་དམ་པའི་སྣ། །རང་གི་ཟླ་བཟང་བདུད་རྩི་རྟག་ཏུ་མྱངས་པས་ཡང་དག་བདེ་ བ་སྟེར་བ་གང་ཡིན་དེ་ནི་ལྕེ། །རྡོ་རྗེ་རེག་བྱ་ཀུན་ནས་རྒྱུན་དུ་འཕྲོག་པ་དེ་ནི་རྡོ་རྗེ་ལུས་ཀྱི་དབང་པོར་འགྱུར་བའོ། །ཐབས་དང་ཤེས་རབ་འདུས་པ་ཆོས་ཏེ་དེ་ལས་བདེ་བ་མཉམ་པར་ཞུགས་པ་གང་ཡིན་དེ་ནི་ ཡིད༑ ༑དྲུག་པོ་འདི་རྣམས་དབྱེ་བས་ཕྱེ་ན་ཡུལ་དང་ཡུལ་ཅན་དག་སྟེ་བྱང་ཆུབ་སེམས་དཔའ་བཙུན་མོར་བཅས། །གཟུགས་སོགས་འདི་རྣམས་རྒྱལ་བ་མཆོག་གི་ཡུལ་ཏེ་རྣམ་པ་དྲུག་རྣམས་གཟུགས་ བརྙན་བཞིན་དུ་སྤྲུལ་པ་རྣམས། །དང་ཞིང་མི་སྐྱེ་མི་འགག་པ་དང་མཆོག་ཏུ་བདེ་བ་འཛག་མེད་རྙོག་མེད་ཡེ་ཤེས་གོ་བྱ་བ། །འགྲོ་བ་གཞན་གྱིས་བཟུང་བར་མི་ནུས་ཁམས་གསུམ་ཀུན་གྱི་དབང་པོའི་ [234A]༄༅། །སྒོ་ཡིས་ཡང་དག་གོ་བ་མིན། །ཕུང་པོ་ལྔ་ཡི་རང་བཞིན་རྡོ་རྗེ་བཙུན་མོའི་བྷ་ག་ཉིད་དུ་སྙིང་རྗེ་ཡིས་ནི་བཞུགས་གྱུར་པ། །ངེས་པ་བྲལ་དང་བསོད་ནམས་མ་ ཡིན་བསགས་པའི་སེམས་ཅན་མ་ལུས་སྨིན་པར་བྱ་བའི་དོན་དུའོ་།གཙང་མའི་གནས་སོགས་རྣམས་སུ་བཅོམ་ལྡན་འདས་ཉིད་བཞུགས་པ་ཉན་ཐོས་གང་ཞིག་རྣམས་ཀྱི་དོན་དུའོ་ ཨེ་ཝཾ་རྣམ་པར་གང་བཞུགས་མཆོག་གི་ངེས་པ་དང་ལྡན་མ་ལུས་གང་དུ་དགོད་པའི་དོན་དུའོ། །སེམས་ཅན་རྣམས་ནི་སྨིན་པར་བྱ་བའི་དོན་དུ་སྐུ་གསུང་ཐུགས་ཀྱི་དབྱེ་བས་བཞུགས་ པ་རྣམ་པ་གསུམ། །ངེས་པར་རྡོ་རྗེ་ཅན་རྣམས་ཕྱི་དང་ནང་དང་གཞན་གྱི་དུས་རྣམས་ཀུན་ལ་རྟག་པར་རབ་བྱུང་བ། །ཕྱི་རོལ་རྣམས་ལ་སྣ་ཚོགས་མ་རུ་འགྱུར་ཏེ་ལུས་ལ་རླུང་གིས་ རབ་ཏུ་རྒྱུ་བ་གང་ཞིག་རྣམས། །ས་ལ་སོགས་པའི་དཀྱིལ་འཁོར་རྣམས་དང་གཙོ་བོ་གང་ཞིག་རྡོ་རྗེ་བཙུན་མོའི་བྷ་གར་རབ་ཏུ་ཡིན། །གཞན་ནི་གང་ཞིག་སྒྲ་ལ་སོགས་པའི་ཡུལ་གྱུར་ རྣམས་ལ་སེམས་མི་འགྲོ་དང་དེ་བཞིན་དེ་ཁོ་ན། །གང་ཞིག་ཨེ་ཝཾ་ཡི་གེར་ཞུགས་ཀྱང་མཆོག་ཏུ་བདེ་བའི་གོ་འཕང་ལས་ནི་སྐུ་གསུང་ཐུགས་བཞུགས་པ། །རྡོ་རྗེ་ཅན་ཉིད་གཅིག་ ལ་གསུམ་གྱི་དབྱེ་བར་འགྱུར་བ་ཡུལ་དང་ཡུལ་ཅན་ཁམས་ཀྱིས་བསྐོར་བ་ཡིས། །སྲིད་པ་གསུམ་གྱི་སེམས་ཅན་དུ་མ་རྣམས་ཀྱི་དོན་ཕྱིར་དུས་གསུམ་བདེ་གཤེགས་གནས་གསུམ་ [234B] །རྒྱུད་རྣམས་སུ་ནི་འདི་སྐད་བདག་གིས་ཐོས་པ་ཞེས་བྱའི་ཚིག་རྣམས་འདི་ལྟར་བདག་གིས་ཤེས་པ་སྟེ། །མགོ་མགྲིན་སྙིང་ག་ལྟེ་བ་གསང་བ་རྣམས་ཀྱི་པདྨར་ཟླ་བ་ཞུ་བ་ རྡོ་རྗེ་ཅན་གྱི་དུས། །མཆོག་གི་པདྨ་དེ་ལ་ཐིག་ལེ་གསུམ་གྱིས་ཐར་པར་གཤེགས་པ་རྡོ་རྗེ་བཙུན་མོའི་བྷ་གར་བརྗོད། །སངས་རྒྱས་ཞིང་དུ་རབ་ཏུ་ཞུགས་པ་དེ་འདིར་བཅོམ་ལྡན་ འདས་སུ་རྣལ་འབྱོར་པ་ཡིས་རིག་པར་བྱ། །གཅིག་ནི་དུ་མར་མཐོང་སྟེ་སྨོན་ལམ་ཡོན་ཏན་དབང་ལས་ཞི་དང་ཆགས་པ་ལ་སོགས་རང་བཞིན་གྱིས། །འཁོར་ལོ་ལ་གནས་སྐྱེ་བ་སྔ་མ་ ཉིད་ཀྱི་བག་ཆགས་སྟོབས་གྱུར་རྣམས་ཀྱི་སེམས་ལས་བྱུང་བ་ནི་།དོན་གཅིག་ལ་ནི་མ་ལུས་གསུང་རྣམས་སྲོག་ཆགས་རྣམས་ཀྱི་རང་རང་བསམ་པ་དང་སྦྱར་རབ་ཏུ་འཇུག་འཁོར་ལོ་ལ་ གནས་ཁྱིམ་ན་གནས་པ་རྣམས་ཀྱི་བསོད་ནམས་དོན་དུ་བསོད་སྙོམས་མཛད་དུ་གཤེགས་པ་སྟེ། །དུད་འགྲོ་ཡི་དྭགས་ལྷ་མིན་བྲང་འགྲོ་ལྷ་དང་འཕགས་པ་མི་དང་དུ་འབོད་ལ་སོགས་ པ་རྣམས་ལ། །འདས་དང་མ་བྱོན་ད་ལྟར་བྱུང་བ་རྣམ་པ་གསུམ་དུ་རྟག་པར་བདེན་པའི་ཆོས་རྣམས་གསུངས་པ་ནི། །སྲིད་གསུམ་མ་ལུས་རང་རང་སྐད་རྣམས་ཀྱིས་ནི་ལམ་ལ་ ཡང་དག་གནས་པར་བྱེད་དོ་གཞན་གྱིས་མིན། །བདེ་མཉམ་འབྲས་བུ་སྟེར་བ་ཐམས་ཅད་མཁྱེན་པའི་གསུང་འདི་ཡིན་ཏེ་ལྷ་སྐད་རྣམས་ཀྱིས་འབྱུང་བ་མིན། །རྒྱུད་ཀྱི་རྒྱལ་པོ་ཐམས་ [235A]༄༅། །ཅད་དུ་ནི་ངེས་པར་རྡོ་རྗེ་ཅན་གྱིས་རྡོ་རྗེའི་ཚིག་རྣམས་སྦས་པ་ལས། །སྲོག་ཆགས་རྣམས་ཀྱི་ཐར་པའི་དོན་དུ་དང་པོའི་སངས་རྒྱས་རྒྱུད་དུ་མ་ལུས་མངོན་ སུ་མ་གསུངས་པ་ཡིས། །དེ་ཕྱིར་འཇིག་རྟེན་པ་ཡི་རྒྱུད་ཀྱི་བླ་མ་མ་ལུས་མ་ཚང་མེད་པ་འཇིག་རྟེན་ལས་འདས་པ། །དཔལ་ལྡན་དང་པོའི་སངས་རྒྱས་རྒྱུད་དུ་རྒྱལ་བ་མཆོག་གི་ བདག་པོ་མངོན་པར་རྗོད་བྱེད་ཟླ་བཟང་ཀྱེ། །འདི་ཡན་སངས་རྒྱས་ཀྱི་བཀའ། །མི་ཡི་འཇིག་རྟེན་རྣམས་སུ་ཉོན་མོངས་རྣམས་བྲལ་དཔལ་ལྡན་བླ་མ་གང་དག་རྡོ་རྗེ་འཛིན་བདག་ཉིད། །འདི་མན་བྐ་ བསྡུ་བ་འཇམ་གྲགས་ཀྱི་གསུང་ཡིན་འདྲ། །དེ་ལ་ཉེས་པ་བྱེད་པའི་སྲོག་ཆགས་རྣམས་ནི་ངེས་པར་འདིར་ནི་དམྱལ་བར་འགྱུར་ཏེ་ངོ་མཚར་མེད། །དེ་མཉེས་པ་ཡིས་བདག་མཉེས་པ་སྟེ་དེ་ལ་ཁྲོ་བའི་ མེ་ཆེན་བྱེད་ན་བདག་ལ་ཁྲོ་བ་ཡིན། །སེམས་ཅན་རྣམས་ལ་དེ་ཡིས་བདེ་མཉམ་འབྲས་བུའི་ཐར་བ་སྟེར་བས་ཕྱག་རྒྱ་མཆོད་བྱ་སྲས་རྣམས་ཀྱིས། །དཔལ་ལྡན་བླ་མའི་ཞབས་ བཟང་པདྨར་དུས་གསུམ་རྣམས་ལ་ཕྱག་མི་འཚལ་བ་ལས་ནི་སྡིག་ཅན་གང། །དུས་གསུམ་རྣམས་སུ་སྣ་ཚོགས་མེ་ཏོག་རྣམ་པ་མང་པོས་མཎྜལ་མི་བྱེད་དེ་ལས་རྨོངས་པ་གང། ། མྱུར་བར་བདེ་བ་སྟེར་བའི་བླ་མ་སྐྱོ་བ་སྐྱེད་པ་གང་ཡིན་གང་ཞིག་མནར་མེད་པ་རུ་འགྲོ། །ཤེས་རབ་ཡེ་ཤེས་ཐོབ་པ་གང་ནི་མཆོག་གི་བླ་མའི་ཞབས་གང་མི་སྤོང་བ་དེ་ཉམས་ [235B] །སུ་ཞིག་ཉམས་ན་གང་ཞིག་རྩ་གསུམ་ལ་གནས་རླུང་རྣམས་དཔག་མེད་དུས་སུ་གསོད་བྱེད་ཉམས་པའོ། །དཔའ་བོ་གང་ན་མཉམ་དང་མི་མཉམ་ལམ་དུ་སྲོག་དང་ཐུར་དུ་ རྒྱུ་བའི་རླུང་རྣམས་གསོད་བྱེད་གང། །སྦྱིན་བདག་གང་ན་དཔལ་ལྡན་བླ་མ་རྣམས་ལ་རང་ལུས་བུ་དང་ཆུང་མ་ལ་སོགས་གང་འབུལ་རྣམས། །ངན་པ་གང་ན་སླུ་བྱེད་རང་སྙིང་ཉོན་མོངས་པ་ཡི་ སེམས་ཀྱིས་འགུགས་པའི་གཡོ་སྒྱུ་ཅན་རྣམས་གང། །དཔལ་ལྡན་ཆོས་ཀྱི་འཁོར་ལོ་ཁ་དོག་སྣ་ཚོགས་པ་ཡི་གདན་དེ་ལ་ནི་སངས་རྒྱས་ཉེར་བཞུགས་པ། །ལྷ་མཆོག་རྣམས་ཀྱིས་བཏུད་ནས་ མི་ཡི་བདག་པོ་ཟླ་བས་ཞུས་པ་ལྷ་དང་མི་ཡི་བལ་མ་ཡིས། །ཁོང་དུ་ཆུང་ནས་སེམས་ཅན་ཀུན་གྱི་དོན་རྒྱུར་རྒྱུད་ཀྱི་རྒྱལ་པོ་དང་པོའི་སངས་རྒྱས་དེ་ཉིད་གསུངས། །དེ་ཡང་ཨཱ་ལི་ཀཱ་ལི་དང་ལྡན་བསྡུས་ པའི་རྒྱུད་སྙིང་ང་ཡིས་ཉི་མ་ཁྱོད་ལ་གཏད་དེ་ཀྱེ། །སངས་རྒྱས་རྣམས་ཀྱིས་གསུངས་པ་ལས་ནི་ང་ཡིས་དུས་ཀྱི་འཁོར་ལོ་མེ་ཏོག་ཕྲེང་བ་འཛིན་བསྡེབས་པ། །པདྨ་དཀར་པོ་ཁྱོད་ཀྱིས་བསྔགས་ པ་རྣམས་ལ་ངེས་པར་དྲང་སྲོང་ཉི་མའི་ཤིང་རྟ་ཡིན་འདྲ་།རྡོ་རྗེའི་ཚིག་འཛིན་འདི་ཉིད་བརྟན་པར་གྱིས། །འདི་ཡིས་ཉི་མ་དང་བཅས་ཐུབ་རིགས་རྣམས་ཀྱིས་ཇི་ལྟ་བ་བཞིན་ཤེས་རབ་ཡེ་ཤེས་ཐོབ་གྱུར་ ཅིག་དེ་ལྟར་དུས་ཀྱི་འཁོར་ལོའི་དྲིན་གྱིས་སྲིད་གསུམ་ལ་གནས་སེམས་ཅན་རྣམས་ཀྱང་དེ་ལྟར་འགྱུར་བར་ཤོག་ཉི་མ་ཁྱོད་དམ་མི་བདག་ཕྱི་མར་གྱུར་པའི་སྲིད་པར་དུས་ཀ་ [236A]༄༅། །འཁོར་ལོའི་རྣལ་འབྱོར་ཁོ་ན་ལས། །བྲམ་ཟེའི་རིགས་སུ་སྐྱེས་དག་མི་དབང་གྲགས་པ་བདག་ནི་འཇམ་དབྱངས་ཉིད་དེ་བདག་གི་དགའ་མ་ནི། །དཔལ་ལྡན་སྒྲོལ་མ་ པད་དཀར་མཐའ་དག་ཡོན་ཏན་གཏེར་གྱུར་འཇིག་རྟེན་མགོན་པོ་པདྨའི་ཕྱག་མཚན་ཅན། །ཨུཏྤལ་ཡི་སྡོང་པོ་བདག་གཞན་སྔ་མའི་སྲིད་པ་ཐམས་ཅད་ཇི་ལྟ་བ་བཞིན་ངེས་པར་ལྟོས། །བདག་ གཞན་ཀུན་གྱི་སྲིད་པ་སྔ་མའི་ཨུཏྤལ་ཡི་སྡོང་བུ་ཇི་ལྟ་བ་བཞིན་མཐོང་ནས་ནི། །ཉི་མ་དང་བཅས་ཐུབ་དབང་རྣམས་ཀྱིས་དབུ་རྒྱན་བཅས་པའི་དབུ་ཡིས་རིགས་གཅིག་ཞབས་ཀྱི་པདྨ་ལ། ། ལག་གཉིས་ཐལ་མོ་སྦྱར་ཏེ་བཏུད་ནས་སྨྲས་པ་ཐུབ་པའི་རིགས་རྣམས་མི་བཟད་འཁོར་བའི་སྡུག་བསྔལ་ལས། །གདོན་ཕྱིར་ཡེ་ཤེས་ལམ་ལ་མཆོག་གི་སྙིང་རྗེ་ཡིས་ནི་འགོད་པར་བྱེད་ པ་སྟོན་པ་གཅིག་པུ་ཀྱེ། །བགྲེས་དང་གཞོན་པ་ཉིད་ཀྱང་ཁྱོད་དེ་མ་ལུས་རྒྱལ་བའི་སྲས་དང་དང་པོའི་སངས་རྒྱས་ཉིད་ཀྱང་ཁྱོད། །བུད་མེད་དང་འདུས་པ་དང་ཚངས་པར་སྤྱོད་དང་མཆོག་ གི་སྙིང་རྗེས་འཇིག་རྟེན་གཉེན་དང་གཤིན་རྗེའི་གཤེད། །ཁྱོད་ནི་ཞི་དང་མཆོག་གི་མཆོག་སྟེ་ཁྱོད་ཉིད་འཆི་བའི་འཇིགས་པ་འཇོམས་པ་དང་ནི་བདུད་ཀྱི་བདུད། །གྲོལ་བ་ཡང་ནི་ ཁྱོད་དེ་འགྲོ་བ་སྨིན་བྱའི་དོན་དུ་སྲིད་པ་འདིར་འཇུག་པ་ཡང་གྲགས་པ་ཁྱོད། །ཉི་མ་བདག་དང་བྲམ་ཟེ་ཐུབ་པའི་རིགས་རྣམས་ཀུན་གྱི་ཞབས་ཀྱི་དྲུང་དུ་ཕྱག་བྱས་ལྷུང་པ་དང། ། [236B][?]ལས་ཅན་མ་ལུས་སྒྲོལ་བའི་དོན་རྒྱུར་དུས་ཀྱི་འཁོར་ལོ་མཐའ་དག་ས་སྟེང་གསལ་པོར་བསྒྲགས་པར་མཛད། །དཔལ་ལྡན་ཀ་ལཱ་པ་རུ་ཉི་མཚུངས་རིགས་གཅིག་རིགས་ལ་ས་ཡི་བདག་པོས་ཕྱག་བྱས་པ་ ཡང་ཁྱོད། །མི་བཟད་འཁོར་བས་འཇིགས་པས་ཁྱོད་ཀྱི་ཞབས་ཀྱི་པདྨ་ལ་ནི་སྐྱབས་སུ་ལྷག་པར་མཆིས་པ་དང། །དཔྱིད་ཟླ་ཐ་ཆུང་ཉ་ཡི་མཚན་མོ་འདས་ནས་ཉིན་མོར་རབ་ཏུ་མ་ཞུགས་པ་ཡི་དུས་ཉིད་ ལ། །སྣ་ཚོགས་གཙོ་བོའི་བྱིན་གྱི་རླབས་ཀྱིས་ཉི་མ་ཐུབ་པའི་སྐྱེ་བོར་བཅས་པས་ཕྱག་རྒྱའི་དངོས་གྲུབ་ཐོབ། །བདག་གི་སེམས་ཀྱི་རྡོ་རྗེས་སྟེང་མ་ལུས་སོང་བས་སེམས་ཅན་རྣམས་ཀྱི་ཐར་པའི་ རྒྱུར་འགྱུར་ལྟར། །དུས་ཀྱི་འཁོར་ལོའི་དྲིན་གྱིས་སྲིད་པ་རྣམ་གསུམ་སེམས་ཅན་རྣམས་ཀྱི་དོན་ལ་འགྲོ་བར་བྱེད་པར་ཤོག་མཆོག་གི་སྙིང་རྗེ་སེམས་ཅན་ཀུན་གྱི་དོན་རྣམས་མཛད་པ་པོ་ཡི་རྒྱུད་ ཀྱི་དོན་རྣམས་བསྟན་མཛད་ནས། །རབ་མཆོག་ཡོན་ཏན་ཀུན་གྱི་གཏེར་ལྡན་སྲས་པོ་པདྨ་དཀར་པོ་ཉིད་ལ་བཀའ་སྩལ་གནང་ནས་ནི་།རྒྱུད་ཀྱི་རྒྱལ་པོ་མཐའ་དག་ཚངས་པ་ངེས་པར་གླེགས་བམ་ ལ་གནས་བྱས་པ་འདི་ལ་འཇིག་རྟེན་གཉེན། །ཁྱོད་ཀྱིས་དང་པོར་ངེས་པར་རྒྱ་ཆེར་འགྲེལ་པ་གྱིས་ལ་དེ་ནས་མཆོག་གི་གོ་འཕང་འགྲོ་བར་མཛོད། །སྟེང་ན་བྱང་ཆུབ་སེམས་དཔའ་གང་ཞིག་རྣམས་ ཀྱིས་བདུད་ཀྱི་ཕྱོགས་གྱུར་རྣམས་དང་ལྷ་མིན་མ་ལུས་རྣམས། །མཆོག་ཏུ་འཇིགས་མཛད་མི་ཡི་འཇིག་རྟེན་ཕྱོགས་མཚམས་ལ་གནས་ཁྲོ་རྒྱལ་བཙུན་མོར་བཅས་པས་སྲིན་པོ་རྣམས། །ས་འོག་ [237A]༄༅། །ཏུ་ནི་གདེངས་ཀའི་དབང་པོ་གང་ཞིག་རྣམས་ཀྱིས་འཇིགས་བྱེད་མ་རུངས་ཐམས་ཅད་འཆིང་བར་བྱེད། །དེ་རྣམས་ཀུན་གྱིས་ཉིན་མཚན་སོ་སོའི་དུས་སུ་འཇིག་རྟེན་མི་ཤིས་མ་ ལུས་ཀུན་ནས་སྐྱོང་བར་ཤོག་ཐབས་དང་ཤེས་རབ་གཅིག་སྦྱོར་རྒྱལ་བའི་བདག་པོའི་རྡོ་རྗེ་དེ་ཉིད་རྣམ་པ་བཅུ་དྲུག་ལྡན་འདུས་པའི་།མ་ལུས་བསྡུས་རྒྱུད་དཔལ་ལྡན་དུས་ཀྱི་འཁོར་ལོ་རྡོ་རྗེ་སེམས་ དཔའ་ལྷག་པའི་ལྷར་གྱུར་བ་དེ་ཡིས། །སེམས་ཅན་རྣམས་ཀྱི་ཐར་པའི་རྒྱུ་རུ་རྒྱལ་བའི་བདག་པོས་གསུངས་པ་གང་ཞིག་བདག་ཉིད་ཀྱིས་ཀྱང་བསྟན། །བསོད་ནམས་དེ་ཡིས་སེམས་ཅན་རྣམས་ཀྱིས་ མི་འགྱུར་མཆོག་གི་བདེ་བ་ཐོབ་བྱེད་དེ་ལ་ཕྱག་འཚལ་འདུད། །དཔལ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ལས། ཡེ་ཤེས་ཀྱི་ལེའུ་མདོར་བསྡུས་པ་སྟེ་ལེའུ་ལྔ་པའི་རྒྱུད་ཀྱི་སྙིང་ པོའོ།། །།དཔལ་དུས་ཀྱི་འཁོར་ལོའི་བསྡུས་པའི་རྒྱུད་ཀྱི་རྒྱལ་པོ་ལེའུ་ལྔ་པ་ལས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་རྣམ་པར་གཏན་ལ་ཕབ་པ་མདོར་བསྡུས་པའི་རྒྱུད་ཀྱི་སྙིང་པོ་ཞེས་བྱ་ བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཤྲཱི་བྷ་དྲ་བོ་དཧི་ལ་སོགས་པའི་ཞལ་སྔ་ནས། བོད་ཀྱི་ལོ་ཙྪ་བ་གྱི་ཇོ་བནྡྷེ་ཟླ་བའི་འོད་ཟེར་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ་ལས་ སླད་ཀྱི་རྒྱ་གར་གྱི་པཎྜི་ཏ་མཁས་པ་ཆེན་པོ་ས་མནྟ་ཤྲཱི་དང། སྒྲ་སྒྱུར་གྱི་ལོཙྪ་བ་དགེ་སློང་ཆོས་རབ་ཀྱིས་བཅོས་ཤིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།རྒྱ་དཔེ་ལས་འོད་དཔེར་བསྒྱུར། མ་འགྱུར་བསྒྱུར་ [237B][?]གཉིས། འགྱུར་ཆད་འགྱུར་ལྷག་གཉིས། འགྱུར་འཁྲུག་འགྱུར་ལོག་གཉིས། འགྱུར་དམན་འགྱུར་བཅོས་གཉིས་ཏེ་འགྱུར་སྐྱོན་བརྒྱད་དང་བྲལ་བའོ། །དུས་འཁོར་བསྡུས་རྒྱུད་ཀྱི་སྙིང་པོ་འདི་སྙེ་ཐང་རིན་ཆེན་གླིང་བླ་མས་ ཤོད་སྨད་འཇང་ཕུ་ལྷ་ཁང་གི་དཔེ་ཁྲོད་ནས་རྙེད་པ་པཎ་ཆེན་དཔལ་ལྡན་ཡེ་ཤེས་ལ་གཟིགས་སུ་ཕུལ་བས། ཁོང་གི་ཞལ་ནས་འདི་ནི་རིགས་ལྡན་འཇམ་དཔལ་གྲགས་པས་དུས་འཁོར་བསྡུས་རྒྱུ་ ལས་ཀྱང་ཤིན་ཏུ་སྙིང་པོར་བཀའ་བསྡུ་མཛད་པ། བྱང་ཤམྦྷ་ལར་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་ཐམས་ཅད་ཀྱིས་ཁ་ཏོན་དུ་ཀློག་པ། བོད་ཀྱི་བཀའ་འགྱུར་གྱི་ནང་དུ་མ་ཚུད་པ་ངོ་མཚར་བྱེ་བའི་འབྱུང་ གནས་ཡིན། ཞེས་གསུངས་སོ།།